ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་སྔ་དྲོ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལྷ་ས་གྲོང་ཁྱེར་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དེ་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭར་གཉེར་འགོ་ཚུགས་ཤིང་། རྫོང(ཆུས)ཁག་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅི། གྲོང་ཁྱེར་ཁོངས་གཏོགས་གཞུང་ཁོངས་ཁེ་ལས་ཀྱི་ཏང་ཨུད་ཧྲུའུ་ཅི་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་ཁྱོན་འགོ་ཁྲིད་ལས་བྱེད་པ་100ལྷག་ཙམ་ཞུགས་པ་རེད།
གསོ་སྦྱོང་ཁྲོད། གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་ལས་བྱེད་རྒན་གྲས་ཅུས་ཀྱི་ཅུས་ཀྲང་དབྱངས་ཅན་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གསོ་སྦྱོང་གཉེར་བའི་དམིགས་ཡུལ་ནི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཆེད་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་དེ། སློབ་སྦྱོང་དང་གོ་བ་ལེན་ཤུགས་ཆེ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་ནན་གསུངས་གནང་བ་དང་། ཁོང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་མིག་དཔེ་བཏོན་ཏེ་སློབ་སྦྱོང་གི་ནང་དོན་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཐོག་འཇོག་དགོས་པ་དང་། ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ནས་ནང་སེམས་རྒྱུད་ལ་འཇཊ་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གྲོང་ཁྱེར་ཡོངས་ཀྱི་ལས་དོན་དེ་གཏིང་ཟབ་ཏུ་སྤེལ་ཐུབ་རྒྱུ་དང་། ཕན་འབྲས་བཟང་པོ་ཐོན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚེ་རིང་སྒྲོལ་དཀར་གྱིས་ཐེངས་འདིའི་གསོ་སྦྱོང་གཉེར་བ་འདི་ནི་དུས་དང་མཐུན་ཞིང་གཉེར་དགོས་ངེས་ཤིག་རེད། ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་གཞན་གྱི་སྔོན་ལ་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། གོ་བ་མང་ཙམ་ལེན་པ་བཅས་བྱེད་དགོས། ལྷག་པར་དུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཁྲིད་སྟོན་བྱས་ནས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས་པ་དང་། ངས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་ཚོགས་འདུར་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀུའོ་ཧྥེང་དང་། གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་ཝང་ཝུའེ་ལིང་གདན་དྲངས་ནས་ཁོང་གཉིས་པོས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་འགྲེལ་བཤད་བརྒྱབ་པ་དང་། “སྒྲིག་ཁྲིམས་དྲུག”ནན་སྲུང་བྱས་ནས་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་པའི་མིག་དཔེ་སྟོན་དགོས་ཞེས་པའི་སྐོར་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད། སྦྱོང་བརྡར་ནང་ཞུགས་མཁན་འགོ་ཁྲིད་ཀྱིས་ཀྱང་སོ་སོའི་ལས་རིགས་ནང་ཇི་ལྟར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ཚུལ་ཐད་གྲོས་བསྡུར་གཏིང་ཟབ་བྱས་པར་མ་ཟད། ད་དུང་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་གཙང་སྐྱོང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཡང་བྱས་པ་རེད།
སྙེ་མོ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལོན་ཐེན་གྱིས་ཐེངས་འདིའི་གསོ་སྦྱོང་ལས་ང་ཚོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་སྔར་བས་ཤེས་རྟོགས་བྱུང་ལ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་སྒྲིག་ཁྲིམས་ལག་བསྟར་གྱི་ནུས་པ་ཆེ་རུ་གཏོང་བར་ཕན་ཆེན་པོ་ཐོབ་བྱུང་། ཕྱིས་འབྱུང་། ང་ཚོས་གཞི་རིམ་གྱི་སྒྲོག་འགྲེལ་པ་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社