分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།

ཧོ་ཕུང་གིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་དང་དེ་བཞིན《ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞིའི》བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ་5ཚེས་21ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཧོ་ཕུང་སྔ་རྗེས་སུ་ཙི་ཅིན་གཏེར་ལས་ཚོཊ་པའི་ཁོངས་གཏོཊ་བོད་ལྗོངས་ཅུས་ལུང་གཏེར་ལས་དང་།བཀྲ་ཤིས་སྒང་ཤང་མངཊ་གཏོང་ཁང་།གུང་དཀར་གྲོང་རྡལ་དག་པ་གྲོང་ཚོ།ཀ་ཚལ་དགོན་དོ་དམ་ཨུ་ལྷན།རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་བཅས་སུ་ཕེབས་ནས་གཟིགས་ཞིབ་གནང་ཞིང་།གཟིགས་ཞིབ་གནང་རིམ་བཞིན་ལས་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་།གྲོང་ཚོ་གྲོང་ལྷན་དང་།ཁེ་ལས།དགོན་སྡེ་དོ་དམ་ཨུ་ལྷན།གཞི་རིམ་མངགས་གཏོང་ཁང་བཅས་ཀྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་ཀའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 ཧོ་ཕུང་གིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c181422.html 1 གྲོང་ཁྱེར་གྱི་འགོ་ཁྲིད་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->