分享按钮

2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འདུས་བྱེད་སྒོ་སྤེལ་བ།

པར་འདི་ནི་ཡུལ་དངོས་སུ་གྲོང་མི་དང་ཡུལ་སྐོར་བས་ཚོང་ཟོག་ཉོ་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འདུས་བྱེད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། བྱེད་སྒོ་དེའི་གཙོ་དོན་ནི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པ་དེ་ཡིན་ཞིང་། ཐང་ག་དང་། གདན་གྲུམ་ཟེ། གཟིམ་སྤོས། རིག་གནས་གསར་གཏོད་ཐོན་རྫས། དཀར་ཡོལ། ནས་ཀྱི་ཐོན་རྫས། དཀར་ཆུའི་ཐོན་རྫས། ཚགས་ཤ་སྐམ་པོ། གཏེར་ཆུ་སོགས་རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་ཚོང་ཟོག་མང་པོ་བཀྲམས་ཏེ། གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་འཛད་སྤྱོད་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གོ་སྐབས་སུ་བྱས་ནས་རྒྱུ་རྐྱེན་གཙོ་བོ་ཚང་བ་དང་། བརྒྱུད་རིམ་ཚང་བ། ཡུན་དུས་གཉིས་ཚང་། ས་ཁོངས་ཧྲིལ་པོ། སྤྱི་ཚོགས་ཀྱི་རིག་གནས་ཚང་བ་བཅས་ཀྱི“འདུ་ཤེས་ཆེན་པོ་ལྔ”དང“གལ་ཆེ་མཉམ་འཛིན་གྱི་འཕེལ་རྒྱས་ལྔ”མཐའ་འཁྱོངས་བྱས་པ་དང་།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 6 6 拉萨日报藏文 c181421.html 1 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་ཚོང་འདུས་བྱེད་སྒོ་སྤེལ་བ། /enpproperty-->