分享按钮

རང་གྲོང་གིས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱས་པ།

ཟླ་ལྔ་པའི་ལྷུན་གྲུབ་ནི་གཡུ་ཡི་གཞོང་པ་ལྟར་སྔོ་ལྗང་གིས་ཡོངས་སུ་བཀླུབས་ཡོད། ལྷུན་གྲུབ་ཞིང་རར་སླེབས་སྐབས། མིག་མདུན་ནས་ཡིད་འོང་གི་རྣམ་པ་མང་པོ་མཐོང་རྒྱུ་ཡོད་ལ། ལམ་འགྲམ་ནས་ཤིང་གི་ཡལ་ག་སྒྲུག་སྐབས་ཡལ་གའི་ངོས་ནས“སྐར་ལྔའི”པར་རིས་ཤིག་མངོན་གྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྐར་ལྔའི་ཤིང་སྡོང་དེ་དག་ནི་ལོ་ངོ་60ལྷག་ཙམ་གོང་ལྷུན་གྲུབ་ཞིང་ར་སྐྲུན་མཁན་གྱི་གཞོན་ནུ་ཤེས་ཡོན་ཅན་ཚོས་བཏབ་པ་ཞིག་ཡིན་པ་དང་། ད་ཆ་ལོ་ངོ་60ལྷག་ཙམ་འདས་ཟིན་ཀྱང་། ཁོང་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་མཉམ་དུ་ཞིང་ས་གཤིན་པོ་དེའི་ཐོག་རྩ་བ་ཚུགས་ཡོད། ལྷུན་གྲུབ་ཞིང་ར་བསྐྲུན་པར་བརྟེན་ནས་ལོ་དེ་དག་གི་གཞོན་ནུ་ཤེས་ཡོན་ཅན་ཚོའི་གཏམ་རྒྱུད་ཀྱང་དྲིལ་བསྒྲགས་ཐུབ་ཡོད་པས་མི་དེ་བས་མང་བས་འབད་འཐབ་ཀྱི་ལོ་ཟླ་དེ་ཤེས་རྟོགས་བྱུང་ཡོད།

གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ལི་པི་ཁྲུན་ནི་ཕ་ཡུལ་དང་བྲལ་ཏེ་བོད་དུ་ལས་ཀ་བྱེད་པར་ཡོང་བའི་མི་ཞིག་ཡིན་པའི་ངོས་ནས་མི་གཞན་གྱིས་ང་ལ་རྟག་ཏུ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་གླེང་གི་ཡོད་མོད། འོན་ཀྱང་ངས་དེའི་གོ་དོན་ཟབ་མོ་དེ་ཙམ་རྟོགས་ཀྱི་མེད། ད་ཐེངས་ལྷུན་གྲུབ་ཞིང་རར་ལྟ་སྐོར་བྱས་རྗེས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དེ་ཉིད་ངའི་བློ་ངོར་བརྟན་པོར་ངེས་བྱུང་ལ། ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། དེ་བས་གསར་བརྗེའི་རྒན་རབས་པ་ཚོས་དཀའ་སྡུག་ལ་མི་སྐྲག་ལ་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་ལ་མྱོང་བ་ཟབ་མོ་བྱུང་ཞེས་བཤད།

གསར་འགོད་པས་བཅར་འདྲི་བྱེད་སྐབས། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་མཐོ་རིམ་སློབ་འབྲིང་གི་ཏང་ཡོན་དགེ་རྒན་ཡོངས་ཀྱིས་ལྷུན་གྲུབ་ཞིང་རར་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ཁོང་ཚོས་འགྲེལ་བཤད་པའི་ངོ་སྤྲོད་འོག པར་རིས་དང་། ཡི་གེ། བརྙན་ལམ། བརྐོས་བརྙན་སོགས་བརྒྱུད་དེ་ལྷུན་གྲུབ་ཞིང་རའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་གསར་བརྗེའི་ལོ་ཟླ་དེ་དག་ལ་དྲན་གསོ་བྱས་ཡོད།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 6 6 拉萨日报藏文 c181420.html 1 རང་གྲོང་གིས་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱས་པ། /enpproperty-->