(པར་ངོས་གཉིས་པར་མཐུད)གངས་ལྗོངས་ས་མཐོའི་ས་གཙང་གྲོང་ཁྱེར་དང་། སྒྱུར་བཅོས་སྒོ་དབྱེའི་གྲོང་གསར་བཅས་ཡིན་པའི་ངོས་ནས་ཡུལ་ལྗོངས་མཛེས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཁར་དམངས་སྲོལ་གོམས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས།རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་དང་མདུན་ལམ་རྒྱ་ཆེན་ལྡན་ཡོད།ལྷ་སས་ཚོང་གཉེར་ལ་བརྟེན་ནས་ཚོང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་འཁྱོལ་ཐུབ་པ་དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཁེ་ལས་ལ་ཕན་པ་དང་ཁེ་ལས་ལ་གདེང་ཚོད་ཡོད་པ་བྱས་པ་དང་།སྡེ་ཚན་དབར་མཉམ་ལས་མཉམ་འགུལ་ལམ་ལུགས་བཙུགས་ནས་ཁོང་ཡངས་གཟབ་ནན་གྱི་ལམ་སྲོལ་ཉིན་བཞིན་འཐུས་ཚང་དུ་བཏང་སྟེ་མ་འཇོག་ཁེ་ལས་ཀྱི་གདེང་ཚོད་ཡག་པོ་ཡོད་པ་བྱེད་པ།རྗེས་འདེད་ཞབས་ཞུའི་འགན་ལེན་ལག་བསྟར་བྱས་ནས་དཀའ་ངལ་སེལ་རྒྱུ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེཊ་སུ་བཏང་ནས་ཁེ་ལས་ལ་ཁེ་སྤོགས་ཡོང་རེ་ཡོད་པ་བཅས་བྱས་པར་བརྟེན་གཅིག་མཇུག་གཉིས་མཐུད་ངང་སྤུས་ལེགས་ཀྱི་ཁེ་ལས་ཆེ་གྲས་སྔར་ལས་མང་བས་མ་འཇོག་བྱ་ཡུལ་དང་ལས་གཏོད་བྱ་ཡུལ་ཡིན་པའི་ལྷ་སར་མ་འཇོག་དང་བྱ་གཞག་དར་རྒྱས་གཏོང་བར་ཡོང་རྒྱུ་དང་།གྲོང་ཁྱེར་འཕེལ་རྒྱས་ལ་རོགས་རམ་བྱེད་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུལ་སྐོར་ལས་དོན་ལ་བཏོན་པའི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སྐུལ་སློང་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ཞིབ་ཕྲ་བྱས་པ་ཞིག་ཡིན་པས། འོས་སྦྱོར་ཚོགས་འདུ་དེར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ནས་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
ལྷ་ས་གྲོང་ཁྱེར་ཚོང་འགུགས་མ་དངུལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏེང་ཧུང་གིས་ལྷ་ས་གྲོང་ཁྱེར་གྱིས་དམིགས་བསལ་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་རིག་གནས་ཡུལ་སྐོར་ཚོང་འགུགས་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ལྷ་སས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་དམིགས་ཏེ་རིག་གནས་ཡུལ་སྐོར་ཚོང་འགུཊ་བཅས་དང་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་གཏོད་པ་དང་། ཚོང་འགུགས་གནད་ལ་འཁེལ་བ། ཚོང་འགུགས་རྒྱ་སྟོབས་ཆེ་རུ་གཏོང་བ། ཡུལ་སྐོར་ཚོང་པའི་མཉམ་ལས་ཐབས་ལམ་འཚོལ་ཞིབ་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་དུ་མ་འཇོག་བྱེད་པར་དང་ཐོག་ལྷ་སར་མ་འཇོག་བྱེད་ཅེས་པའི་སྤུས་རྟགས་ཀྱི་ཤུཊ་རྐྱེན་དང་ཡིད་དབང་འགུག་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཚོང་དོན་མཉམ་ལས་ངོ་འཕྲད་གྲོས་མོལ་ཁུལ་དང་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་སྟོན་ཁུལ་སོཊ་ཆེད་མངཊ་བཙུགས་ནས་ས་གནས་འདི་གའི་ཡུལ་སྐོར་ཁེ་ལས་དང་ཚོགས་འདུར་ཞུགས་མཁན་ས་ཆ་གཞན་གྱི་ཡུལ་སྐོར་སྐུ་མགྲོན་གྱི་ངོ་འཕྲད་གྲོས་མོལ་གྱི་ལས་སྟེགས་བཙུགས་ཏེ།ཡུལ་དངོས་སུ་ཕེབས་པའི་འགོ་ཁྲིད་སྐུ་མགྲོན་རྣམས་ལ་ཕྱོགས་ཡོངས་ནས་བོད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་ཉམས་ལེན་དང་ཤེས་རྟོགས་ཐུབ་པར་བྱས་པ་རེད།
ཕན་ཚུན་རྒྱུས་མངའ་བྱེད་པར་ཐག་ཉེ་རིང་གང་ཡང་མེད། བར་ཐག་ལེ་དབར་ཁྲི་སྟོང་ཆོད་ཀྱང་ཁྱིམ་མཚེས་ཡིན། ལྷ་ས་ནི་མ་འཇོག་གི་ས་ཆ་གཤིན་པོ་ཞིག་ཡིན་པས་ལྷག་བསམ་རྣམ་དག་ངང་ཕྱོཊ་ཁག་གི་ཁེ་ལས་ལྷ་སར་གདན་དྲངས་ནས་ལྷ་སར་ཤེས་རྟོཊ་བྱས་ཏེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社