分享按钮

“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གྱིས་པེ་ཅིང་དང་བོད་དབར་སྤེལ་རེས་ཀྱི་འབྲེལ་ཟམ་གསར་པ་བཙུགས་པ།

(པར་ངོས་དང་པོར་མཐུད)རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་ཀུང་སིའི་འགན་འཁུར་བས་ད་ཐེངས་ཀྱི“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟཊ་ཅན”གྱི་ཡུལ་སྐོར་མེ་འཁོར་ཐོག་མར་བཏང་བ་དེས་2024ལོའི་རྒྱལ་ཡོངས་ལྕགས་ལམ་ཡུལ་སྐོར་གྱིས་ཤིན་ཅང་དང་བོད་ལ་རོཊ་སྐྱོར་བྱེད་སྒོ་འགོ་ཚུགས་པ་རེད།རྗེས་མར་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྕགས་ལམ་ཡུལ་སྐོར་གྱིས་ཤིན་ཅང་དང་བོད་ལ་རོགས་སྐྱོར་བྱེད་པའི་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུཊ་བྱས་ནས་ཤིན་ཅང་དང་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག མི་རིཊ་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་མཛེས་སྡུག་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུ་ཡིན་པ་རེད། དམངས་འཚོའི་ཐོན་ལས་དང་བདེ་སྐྱིད་ཀྱི་ཐོན་ལས་ཡིན་པའི་ཡུལ་སྐོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིཊ་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། ཤིན་ཅང་དང་བོད་ཀྱི་སྒོ་དབྱེའི་འདེང་ཚོད་ཀྱི་རྣམ་པ་གསར་པ་སྔར་བས་མངོན་པར་བྱས་ཏེ་ཡུལ་སྐོར་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ལོ་ངོ་30ཡི་ཚུན་དུ། པེ་ཅིང་གི་བོད་སྐྱོར་ལས་དོན་དེ་ཏང་ཀྲུང་དབྱང་དང་པེ་ཅིང་དང་ལྷ་ས་གྲོང་ཁྱེར་གཉིས་ཀྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་རིགས་དབརའགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པ་དང་། དམངས་འཚོ་འགན་ལེན་ལ་ཞབས་འདེཊ་ཞུ་བ། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱང་ཐོབ་ཡོད། 2023ལོར་བཏང་བའི“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ཐེངས་གསུམ་བཏང་བ་ཡིས་བོད་ལྗོངས་ས་ཁུལ་དུ་ཡུལ་སྐོར་བ་སྟོང་ཕྲག་ཁ་ཤས་སྐྱེལ་འདྲེན་བྱས་པ་དང་། ཚང་མས་བསྔགས་བརྗོད་བྱེད་པ་དེ་གངས་ལྗོངས་ས་མཐོའི་ཡུལ་སྐོར་གྱི་མིང་བྱང་གསར་པར་གྱུར་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་མཐའ་འཁོར་ས་ཁུལ་གྱི་ཡུལ་མི་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ་ཡི་འགན་འཁུར་བས“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ནི་པེ་ཅིང་དང་བོད་འབྲེལ་མཐུད་བྱེད་པའི་ཆེད་སྤྱོད་མེ་འཁོར་ཞིག་ཡིན་པར་མ་ཟད། པེ་ཅིང་དང་བོད་གཉིས་ཀྱི་མི་དམངས་ཀྱི་རིག་གནས་འགྲོ་འོང་དང་བརྩེ་དུང་མཉམ་འདྲེས་ཀྱི་འབྲེལ་ཐག་ཅིག་དེ་བས་ཀྱང་ཡིན་ཞིང་། ཅིང་བོད་རྟཊ་ཅན་གྱི་མེ་འཁོར་བཏང་བའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱིས་བོད་མི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་མཚོན་པ་དང་། བོད་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པའི་གཞི་རྟེན་ནུས་ལྡན་ཞིག་ཀྱང་ཡིན་པ། མེས་རྒྱལ་ཁྱིམ་ཚང་ཆེན་པོའི་འཆམ་མཐུན་དང་དྲོ་སྐྱིད་མངོན་པ་དང་། མི་རིགས་ཀྱི་སྤོབས་སེམས་དང་། འདེང་ཚོད། གོང་བུ་འགྲིལ་ཤུགས་བཅས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ་པེ་ཅིང་གིས་བོད་ལ་རོགས་སྐྱོར་བྱས་པའི་ལོ་30ཡི་བརྒྱུད་རིམ་ནང་གཟི་བརྗིད་གསར་པ་ཞིག་ཀྱང་བསྣན་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བཏང་བའི“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་དེ་དུས་མཚམས་གཉིས་སུ་དབྱེ་ནས་དུས་མཚམས་དང་པོ་ནི་པེ་ཅིང་ནས་ཟི་ལིང་བར་ཡིན་ཞིང་། དེ་ནི་མེ་འཁོར་དཀྱུས་མའི་ཆེད་གཏོགས་འཁོར་སྒྲོམ་ཡིན་པ་དང་། དུས་མཚམས་གཉིས་པ་ནི་ཟི་ལིང་ནས་ལྷ་ས་བར་ཡིན་ཞིང་། ཆེད་གཏོགས་ས་མཐོའི་གསོ་རླུང་མཁོ་འདོན་ཡུལ་སྐོར་གྱི་ཆེད་སྤྱོད་མེ་འཁོར་རེད། ཆེད་སྤྱོད་མེ་འཁོར་གྱི་བརྒྱུད་རིམ་ཧྲིལ་པོར་ས་མཐོའི་སྨན་དོན་འགན་ལེན་མི་སྣ་བཀོད་སྒྲིག་བྱས་པ་དང་གསོལ་མགྲོན་ཁང་དུ་སྡོད་སྐབས་ཁ་ཐོར་རྣམ་པའི་གསོ་རླུང་མཁོ་འདོན་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། ཡུལ་སྐོར་བ་400ལྷག་ཙམ་པེ་ཅིང་འབབ་ཚུགས་ནུབ་མ་ནས་ཐོན་ཏེ་ལམ་ཐག་ཧྲིལ་པོར་ཉིན་14འགོར་རྒྱུ་ཡིན་ཞིང་། ཟི་ལིང་དང་། ལྷ་ས། ཉིང་ཁྲི། ལྷོ་ཁ་སོགས་བརྒྱུད་ཡུལ་སྐོར་བས་འཛམ་གླིང་གི་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་དང་། བོད་ཀྱི་སྐྱེད་ཚལ་གྱི་མཆོག་ནོར་ནོར་བུ་གླིང་ཁ། ཡུལ་ལྗོངས་མཛེས་སྡུག་ལྡན་པའི་ཡར་ཉང་འདམ་ར། སུའེ་ཙེར་ཆུང་བ་ཞེས་གྲགས་པའི་བྲག་གསུམ་མཚེའུ། ཡིད་དབང་འཕྲོག་པའི་ཀླུ་ནང་ནགས་ཚལ་གྱི་རྒྱ་མཚོ། རི་བོ་གནམ་ལྕགས་འབར་བར་རྒྱང་ལྟ་བྱེད་ས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ། བོད་ཀྱི་མཚོ་ཆེན་གསུམ་གྱི་ཡ་གྱལ་ཡར་འབྲོག་གཡུ་མཚོ། རྩེར་སོན་སྒྱུ་རྩལ་གསུམ་གྱིས་ཕྱུག་པའི་གནས་མཆོག་སྐུ་འབུམ་བྱམས་པ་གླིང་དགོན།ཀྲུང་གོའི་ནམ་མཁའི་དྭངས་ཤེལ་དུ་གྲགས་པའི་ཚྭ་ཁ་སོགས་A5རིམ་པ་5དང་། A4རིམ་པ་5 A3རིམ་པ་2བཅས་ཀྱི་རང་བྱུང་ཡུལ་ལྗོངས་དང་ངོ་མཚར་ཆེ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཁུལ་བཅས་ལ་རོལ་མྱོང་བྱེད་ཐུབ།

མེ་འཁོར་མ་ཐོན་གོང་། ད་དུང་མེ་འཁོར་གཏོང་བའི་མཛད་སྒོ་འཚོགས་པ་དེ་དང་ལྷ་ས་གྲོང་ཁྱེར་གྱི་5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི་གནམ་མཚོ་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་ཡུལ་དངོས་སྦྲེལ་མཐུད་མཉམ་འགུལ་བྱས་པ་རེད། རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་ཀུང་སི་དང་། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའུ། པེ་ཅིང་བོད་སྐྱོར་བཀོད་འདོམས་པུའུ། ཀྲུང་གུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་། པེ་ཅིང་གྲོང་ཁྱེར་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། པེ་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། རྒྱལ་ཁབ་ལྕགས་ལམ་པེ་ཅིང་ཅུས་ཚོགས་པ། ཀྲུང་གོ་ལྕགས་ལམ་ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་བློ་མཐུན་སོགས་མེ་འཁོར་གཏོང་བའི་མཛད་སྒོར་ཞུགས་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181415.html 1 “སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གྱིས་པེ་ཅིང་དང་བོད་དབར་སྤེལ་རེས་ཀྱི་འབྲེལ་ཟམ་གསར་པ་བཙུགས་པ། /enpproperty-->