(པར་ངོས་དང་པོར་མཐུད)གནམ་མཚོ་ཕྱུག་མོའི་འགྲམ་ནས་ཡར་ཀླུང་གཙང་པོའི་ལུང་གཞུང་བར་དུ་ནུས་རྒྱུ་གཙང་མ་གསར་སྤེལ་བྱས་པའི་སྤྱི་འབོར་ཆན་ཝ་ཁྲི་3400ཟིན་པ་དང་། གཏེར་ཁའི་ཐོན་ཁུངས་རིགས་50ལྷག་ཙམ་ཟིན་པ། དྲོད་ཚད་དམའ་བ་དང་། བརླན་གཤེར་ཆེ་བ། གསོ་རླུང་ཉུང་བ། གནོན་ཤུགས་དམའ་བ། མུ་ཟི་ཉུང་བ་བཅས་ཀྱི་རང་བྱུང་ཆ་རྐྱེན་ཡོད་པས། གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲོང་ཁྱེར་ཡག་པོ་ཞིག་ཏུ་གྱུར་ཡོད། ལྷ་སའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་ལ་འོད་སྟོང་འཕྲོ་བ་དང་། འཛམ་གླིང་རིམ་པའི་རིག་གནས་ཤུལ་བཞག་དང་། རྗེས་ཤུལ། གྲགས་ཅན་མི་སྣ་བཅས་ནི་བརྗིད་ཉམས་ལྡན། མི་རིགས་ཁག་གིས་ཐུན་མོང་ཐོག་སྣ་མང་གཞི་གཅིག་ཅན་དང་། ཕུན་སུམ་ཚོགས་ཤིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ས་མཐོའི་ཤེས་དཔལ་གསར་གཏོད་བྱས་པ་དང་། དེ་ནི་ཁྱད་ཆོས་ཕུན་སུམ་ཚོགས་ཤོས་ཀྱི་ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་པས། སྔོག་འདོན་བྱེད་རིན་ཡོད་པ་དང་། གསར་གཏོད་ཀྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད། ལྷ་སའི་མ་འཇོག་གི་སྲིད་ཇུས་ཡག་པོ་ཡོད་པ་སྟེ། ཕྱོགས་དྲུག་གི་གཟིགས་སྐྱོང་སྲིད་ཇུས་ཁག་35ཚང་མ་ནི་རྒྱུ་ནོར་རྩ་ཆེན་དང་། སྙིང་ཉེ་བའི་ཞབས་ཞུ། འགན་སྲུང་བརྟན་པོ་བཅས་ཡིན། ལྷ་སའི་འཕེལ་རྒྱས་ཀྱི་མདུན་ལམ་འོད་སྟོང་ལྡན། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་ནི་འགྲིམ་འགྲུལ་སྟབས་བདེ་ཤོས་དང་། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཆེ་ཤོས། ཐོན་ལས་ཀྱི་རྨང་གཞི་ཡག་ཤོས་བཅས་ཡིན་པས། ཐོག་མཐའ་བར་གསུམ་དུ་ལས་གཏོད་ཀྱི་ས་ཆ་ཡག་པོ་དང་། མ་འཇོག་གི་ས་ཞིང་གཤིན་པོ། ཕུགས་འདུན་དོན་གཉེར་གྱི་ས་ཆ་ལེགས་པོ་བཅས་ཡིན།
ཝང་ཆང་གིས་བསྟན་དོན། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་དགོས། རིག་གནས་ཡུལ་སྐོར་འཕེལ་རྒྱས་བཅས་ནི་ལྷ་ས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཉག་ཅིག་ཡིན་པ་དང་། དེ་ལ་ཡིད་དབང་འཕྲོག་ཤུགས་དང་མི་མངོན་པའི་སྟོབས་ཤུགས་འཛད་མཐའ་མེད་པས། རྒྱལ་ཡོངས་ས་གནས་ཁག་གི་ཁེ་ལས་མཁས་ཅན་ལྷ་སར་ལས་གཉེར་མ་འཇོག་གནང་བར་ཕེབས་རྒྱུར་ལྷག་བསམ་ཟོལ་མེད་ངང་གདན་ཞུ་བྱ་རྒྱུ་ཡིན་ལ། ལྷ་སའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་། སྤུས་ལེགས་ཞབས་ཞུའི་འགན་ལེན། དར་རྒྱས་གོང་འཕེལ་བཅས་ཀྱང་མཉམ་སྤྱོད་བྱ་རྒྱུ་ཡིན།
མཚམས་སྦྱོར་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་། ཚོང་འགུགས་མ་འདྲེན་གྱི་ཡུལ་སྐོར་ཐོན་ལས་རྣམ་གྲངས་ཐད་སྲིད་ཇུས་ཀྱི་གསལ་འགྲེལ་བྱས་པ་དང་། ས་མཐོའི་ཞིབ་འཇུག་དང་སློབ་སྦྱོང་གི་ཡུལ་སྐོར་ལམ་ཐིག་འོས་སྦྱོར་བྱས་པ། ཡུལ་སྐོར་ཚོང་པའི་འཐུས་མི་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་མཐུན་ཚོགས་སོགས་ཀྱིས་ཁག་སོ་སོར་གཏམ་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་འཐབ་ཇུས་མཉམ་ལས་གྲོས་མཐུན་དང་ཚོང་འགུགས་མ་འདྲེན་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་དང་། ཡུལ་སྐོར་ཁེ་ལས་ཀྱིས་ཚོང་དོན་མཉམ་ལས་ཐད་ངོ་འཕྲད་གྲོས་མོལ་གནང་བ་རེད། རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་རྩ་འཛུགས་མཐུན་ཚོགས་དང་། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་ཁེ་ལས་དང་ཡུལ་སྐོར་ཚོང་པ།OTAལས་སྟེགས། ཚོང་འགུགས་མ་འདྲེན་ཁེ་ལས། ཕྱོགས་བསྡུས་རིགས་ཀྱི་རིག་གནས་ཡུལ་སྐོར་ཁེ་ལས་དང་དེ་བཞིན་ས་གནས་འདི་གའི་ཕུལ་བྱུང་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འཐུས་མི་དང་། དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་དང་རྫོང་(ཆུས)ཁག་གི་བྱེད་ནུས་གླིང་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社