ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ
(དུས་ཐེངས་གཉིས་པ)ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
(པར་ངོས་དང་པོར་མཐུད)ཟམ་པའི་ལས་གྲྭ། ཆུ་འགྲམ་མཛེས་ལྗོངས་ལེགས་སུ་གཏོང་བའི་ལས་གྲྭ གྲངས་འཛིན་ཅན་གྱི་འཛུགས་སྐྲུན་ལས་གྲྭ་བཅས་བརྒྱུད་གླིང་ཕྲན་གཉིས་ཀྱི་གཙང་པོའི་ལྗང་མདོག་འབྱུང་ཁམས་བར་ཁྱམས་གདང་རིམ་མཐོ་བ་དང་ཆུ་གསོག་པ་དང་། གྲམ་ཐང་།གཙང་པོ་དང་མཚེའུ་ཡི་བར་ཁྱམས་དང་གཙང་འགྲམ་གྱི་སྤྲོ་གསེང་དང་གསོན་ཤུགས་འཕེལ་ཞིང་མཉམ་དུ་སྦྲེལ་བའི་དལ་སྤྱོད་བར་ཁྱམས། ལྷ་སའི་ཕུགས་འདུན་གྱི་རིག་གནས་བར་ཁྱམས་བཅས་བསྐྲུན་ཡོད། རྣམ་གྲངས་ནང་ལྷ་ས་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ནང་ཁུལ་གཙང་པོ་བཅོས་སྐྱོང་དང་།འབྱུང་ཁམས་ཉམས་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་ཚུད་ཡོད་པ་རེད།
དགོང་མོའི་ཆུ་ཚོད་8པར་གསར་འགོད་པ་རྣམ་གྲངས་དང་པོའི་ལས་ཡུལ་དུ་ཡོང་ནས་ཨར་ལས་བྱ་ཡུལ་དུ་གློག་སྒྲོན་རྣམ་པར་བཀྲ་ཞིང་། ཨར་ལས་བཟོ་པས་གློག་སྒྲོན་འོག་མཚན་མོའི་ཨར་ལས་བྱེད་པ་དང་། བྲེལ་འཚུབ་ཆེ་བ་བཅས་ཀྱི་ཐོག་ནས་ལྕགས་རྩིབས་བསྡམས་པ་དང་ཤིང་སྒྲོམ་བསྒྲིགས་ནས་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མཐོང་བྱུང་།
ལས་གྲྭའི་མྱུར་ཚད་ལ་དམ་འཛིན་བྱེད་པ་དང་ཆབས་ཅིག་ཨར་ལས་ཚན་པས་ཐོག་མཐའ་བར་གསུམ་དུ་ཨར་ལས་ཀྱི་བདེ་འཇགས་དང་ཨར་ལས་གྱི་སྤུས་ཚད་གལ་ཆེའི་གནས་བབ་ཏུ་བཞག་ནས་མཚན་མོའི་ཨར་ལས་དོ་དམ་མི་སྣ་དང་ས་གནས་ས་ཐོག་གི་ཨར་ལས་ཚོགས་ཆུང་ལ་མཚན་མོའི་ཨར་ལས་ཀྱི་ཆེད་དོན་སློབ་གསོ་དང་གསོ་སྦྱོང་བྱས་ཏེ་རྣམ་གྲངས་བདེ་འཇགས་དང་། ཁོར་ཡུག་སྲུང་སྐྱོང་། ཤེས་དཔལ་བཅས་ཀྱི་ཨར་ལས་ཀྱི་བླང་བྱ་ནན་བཤད་བྱས་ནས་མཚན་མོའི་ཨར་ལས་ཀྱི་འགག་རྩའི་གནས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། རྣམ་གྲངས་པུའུ་ཡིས་ད་དུང་ཆེད་ལས་བདེ་འཇགས་དང་ཤེས་དཔལ་གྱི་ཨར་ལས་དོ་དམ་མི་སྣ་བཀོད་སྒྲིག་བྱས་ནས་མཚན་མོའི་ཤེས་དཔལ་གྱི་ཨར་ལས་གནས་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཨར་ལས་ཚན་པ་དང་དེ་བཞིན་ཚོགས་ཆུང་ལ་མཚན་མོའི་འཛེར་སྒྲ་ཆུང་དུ་གཏོང་བ་དང་གློག་སྒྲོན་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐུལ་འདེད་བཏང་བ་རེད། ལྷ་སའི་ནང་ཁུལ་གཙང་པོའི་རྣམ་གྲངས་བདེ་འཇགས་འགན་འཁུར་བ་ཧོང་ཅང་གིས། ང་ཚོས་ལས་རིམ་བཀོད་སྒྲིག་ལེགས་སུ་བཏང་བ་བརྒྱུད་མཚན་མོ་འཛེར་སྒྲ་དམའ་བའི་ལས་ཀ་བཀོད་སྒྲིག་གང་ཐུབ་བྱས་ཏེ་ཨར་ལས་ཀྱིས་ཉེ་འཁོར་གྱི་གྲོང་མིར་ཤུཊ་རྐྱེན་ཆུང་དུ་གཏོང་རྒྱུ་དང་མི་དམངས་ལ་སུན་སྣང་བཟོ་བའི་དོན་རྐྱེན་མི་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社