ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲེང་ཀོན་ཆུས་བརྒྱད་གཅིག་ལྷོ་ལམ་དང་བཅིངས་འགྲོལ་ནུབ་ལམ་གྱི་ལམ་མདོར་གནས་པའི་ས་གཙང་བརྒྱད་གཅིག་ཚོང་ལས་ཐང་ཆེན་དངོས་སུ་ལས་འགོ་ཚུགས་པ་རེད།
བརྒྱད་གཅིག་ཚོང་ལས་ཐང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་རྨིད་ངོས་གྲུ་23000ཟིན་ཞིང་། ས་འོག་ཏུ་ཐོག་སོ་གཅིག་དང་ས་ངོས་སུ་ཐོག་སོ་བརྒྱད་ཡོད་པ་དང་། རླངས་འཁོར་འཇོག་ས་ཆེན་པོ་གཅིག་ཡོད་པར་རླངས་འཁོར་འཇོག་གནས་350ཡོད། ཚོང་རའི་མཐའ་འཁོར་དུ་ཁ་བཏཊ་མེ་ཏོག་ལྡུམ་ར་དང་། ཞོགས་པའི་མེ་ཏོག་ལྡུམ་ར། བརྒྱད་གཅིག་སྡེ་ཁུལ་སོགས་ཁུལ་ཆུང་ཆེ་འབྲིང་དང་། སློབ་གྲྭ། དེ་བཞིན་བྱ་གཞག་ཚན་པ་བཅས་10ལྷག་ཙམ་ཡོད། ཚོང་ར་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་མཐའ་འཁོར་གྱི་གྲོང་མིར་དངོས་ཟོག་ཉོ་སྒྲུབ་དང་སྤྲོ་གསེང་བྱ་ཡུལ་གསར་རྐྱང་ཞིག་མཁོ་འདོན་བྱས་ཡོད་ལ་གྲོང་ཁྱེར་འཕེལ་རྒྱས་ལ་གསོན་ཤུཊ་གསར་པ་ཞིག་ཀྱང་བསྣན་ཡོད།
ས་གཙང་འབྱུང་འཕྲོད་ཐོན་ལས་བརྒྱད་གཅིག་ཚོང་ལས་ཐང་ཆེན་ནི་ལྷ་ས་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཆེ་གྲས་ས་གཙང་འབྱུང་འཕྲོད་ཐོན་ལས་ཚོཊ་པའི་ཁོངས་གཏོཊ་ཀྱིས་ལྷ་ས་གྲོང་ཁྱེར་ས་གཙང་འབྱུང་འཕྲོད་ཐོན་ལས་གཙང་བརྒྱད་གཅིག་ཞིང་ར་ཚད་ཡོད་ཀུང་སིས་རང་བདག་གིས་གཉེར་སྐྱོང་བྱེད་ཀྱི་ཡོད།དེ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།གཞུང་ཁོངས་བེད་མེད་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པར་བྱེད་པ།གཞུང་ཁོངས་རྒྱུ་ནོར་གྱི་རིན་ཐང་སྲུང་སྐྱོང་དང་འཕར་སྣོན་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་དང་། དམིགས་ཡུལ་ནི་དངོས་ཟོག་ཉོ་སྒྲུབ་དང་སྤྲོ་གསེང་གི་ཁོར་ཡུག་གསར་རྐྱང་ཞིག་གཏོད་དེ་འཛད་སྤྱོད་པར་གཅིག་འཐུས་རྣམ་པ་དང་སྣ་མང་ཅན་གྱི་འཛད་སྤྱོད་ཀྱི་ཞབས་ཞུ་བསྒྲུབས་ཐོག་གྲོང་མིའི་འཚོ་བར་སྟབས་བདེ་དེ་བས་མང་བ་ཡོང་བར་བྱ་རྒྱུ་དེ་རེད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社