(པར་ངོས་དང་པོར་མཐུད)ཨུ་ཡོན་ཚོའི་བརྗེད་པར་དཀའ་བའི་འགན་འཁྲི་སྒྲུབ་པའི་གཏམ་རྒྱུད་དང་མི་སེམས་འགུལ་བའི་འགན་འཁྲི་སྒྲུབ་སེམས་ཀྱིས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།
ཀྲའོ་ཧུའེ་ཉན་གྱིས་སྙན་ཞུའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཨུ་ཡོན་ཚོའི་ངོ་མཚར་ཆེ་བའི་གཏམ་བཤད་ཀྱི་གཙོ་དོན་མངོན་གསལ་དོད་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད་པར་ཚད་མཐོའི་ཁས་ལེན་གནང་ཡོད།ཁོང་གིས་རྩིས་ཐོ་ལེགས་སྒྱུར་དང་འཐུས་ཚང་ཡོང་བར་བྱས་ནས་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོའི་ཡིད་དབང་འགུག་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ལས་དོན་སྐོར་གྱི་བརྟག་ཞིབ་སྙན་ཞུ》དང《རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྐོར་གྱི་ལྟ་ཞིབ་སྙན་ཞུ》《རང་གྲོང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་རིན་མེད་ངང་སྤྱི་ཚོགས་ཡོངས་ལ་རླངས་འཁོར་འཇོག་ས་དང་གསང་སྤྱོད་མཁོ་འདོན་བྱས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ》བཅས་སྙན་ཞུ་ཆེན་པོ་གསུམ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མུ་མཐུད་དོ་ཁུར་དང་ལྟ་ཞིབ་བྱེད་དགོས་པ། དཔེ་མཚོན་གྱིས་ལམ་སྣེ་ཁྲིད་པ་དང་སློབ་སྦྱོང་ལ་བསྡུར་བ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ཐད་གདོང་དམག་ཞིག་ཏུ་བརྩོན་ལེན་ཧུར་ཐག་བྱས་ཏེ་མཐུན་སྒྲིལ་དང་།འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་པ་རེད།
འཇམ་དབྱངས་བློ་གྲོས་ཀྱིས་བླང་བྱ་བཏོན་དོན།བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ།ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་ལེན་བསྟར་བའི་མཐོ་ཚད་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པ། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་གཏིང་ཚད། ལྷ་སའི་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་བཅས་ཀྱི་ཐོག་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ལྟེ་བར་དམིགས་ནས་འགན་འཁྲི་སྒྲུབ་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་དམིགས་ས་དང་ཤུགས་རྒྱག་ས་ཡང་དག་འཚོལ་དགོས་ཤིང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྲིད་གྲོས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བ། ལྟེ་བར་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་དོན་མཐའ་འཁྱོངས་བྱེད་པའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་དང་ལས་རིགས་ཁག་གི་ཨུ་ཡོན་གྱིས་སྣེ་ཁྲིད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཆེན་པོ་གཏོང་བ་སོགས་ཀྱི་བྱ་སྤྱོད་གལ་ཆེན་ནང་ཧུར་ཐག་ཞུགས་དགོས་པ། དངོས་སྒྲུབ་དང་ལས་ཆོད་ཆེ་བར་དམིགས་ཏེ་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་ཁ་གསལ་བཟོ་དགོས་ཤིང་། སྒྲོག་འགྲེལ་བྱེད་སྒོའི་གྲུབ་འབྲས་གཞན་སྒྱུར་དང་། ལས་དོན་སྒྲིག་འཛུགས་། གནས་ཚུལ་སྤེལ་བའི་ལས་དོན་བཅས་ནན་ཏན་གྱིས་ཡག་པོ་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་བཏང་སྟེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་ནུས་ཤུགས་གང་ཡོད་འདོན་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡ་ཀུའུ་དང་། ཡུའེ་གོ་ཧུང་། དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社