分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ཁོང་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་།གྲོང་ཁྱེར་གྱི་ནུས་རིམ་མཐོ་རུ་གཏོང་བ།མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ངོས་འཛིན་བྱེད་ཤུགས་ཟབ་ཏུ་གཏོང་དགོས་པ་སྟེ། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང།རྣམ་གྲངས་འཛུགས་སྐྲུན་ལ་སེམས་ནུས་ཡོད་རྒུ་བཏོན་ནས་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་སྒོ་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་སྟེ།སྟོབས་ཤུགས་ལྡན་པའི་བཀོད་འདོམས་མ་ལག་འཛུགས་དགོས་པ་དང་།ས་གནས་རིམ་པའི་འགན་ལེན་འགོ་ཁྲིད་ཀྱིས་དངོས་སུ་བཀོད་འདོམས་བྱེད་པ་དང་།མདུན་ཕྱོགས་སུ་བཀོད་འདོམས་བྱེད་པ།རྗེས་སྙེགས་ལྟ་སྐུལ་མཛུབ་ཁྲིད་བཅས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་དགོས་པ་སྟེ།ཨར་ལས་ཀྱི་ཇུས་གཞི་སྔར་བས་ལེགས་སུ་གཏོང་བ་དང་།ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ།ཨར་ལས་ཀྱི་བདེ་འཇགས་དང་ཨར་ལས་ཀྱི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་བཀག་ལྟར་ཨར་ལས་ལེགས་སྒྲུབ་ཡོང་བར་བྱེད་དགོས།ལྟ་སྐུལ་དོ་དམ་ནན་པོ་བྱེད་དགོས་པ་སྟེ།ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་ཐེངས་གྲངས་མང་དུ་གཏོང་བ་དང་།ལས་གྲྭའི་ལྟ་སྐུལ་དོ་དམ་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ།ལས་གྲྭའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་གྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་བྱེད་པ་བཅས་ཀྱིས་རྣམ་གྲངས་ཚང་མ་དཔེ་སྟོན་ལས་གྲྭ་དང་སྤུས་ལེགས་ལས་གྲྭ་ཞིག་ཏུ་བསྐྲུན་གང་ཐུབ་བྱེད་དགོས།དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ་སྟེ།བརྙན་འཕྲིན་དང་།ཚགས་པར།དྲ་རྒྱ་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་གྲོང་མི་མང་ཚོགས་ཀྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས་པའི་ནན་གསུངས་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181408.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ། /enpproperty-->