分享按钮

(པར་ངོས་དང་པོར་མཐུད)དེ་བཞིན་དབྱི་རན་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་གིས་སྲིད་འཛིན་ལའེ་ཞི་ཡིས་སྲིད་འཛིན་གྱི་འགན་བཞེས་ཚུན་དབྱི་རན་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཁབ་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ།ཀྲུང་དབྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་ཧུར་ཐག་ཀྱང་བྱས་ཡོད།སྟབས་མ་ལེགས་པར་ཁོང་རྐྱེན་ལམ་དུ་ཤོར་བ་ནི་དབྱི་རན་མི་དམངས་ལ་གྱོང་གུན་ཧ་ཅང་ཆེན་པོ་ཕོག་པ་ཞིག་ཡིན་ལ།ཀྲུང་གོའི་མི་དམངས་ཀྱི་གྲོཊ་པོ་བཟང་པོ་ཞིག་ཀྱང་མེད་པར་གྱུར་ཡོད།ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་དང་དབྱི་རན་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད།ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་ནས་ཀྲུང་གོ་དང་དབྱི་རན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181407.html 1 /enpproperty-->