ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་18ཉིན། གསར་འགོད་པར་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། རང་གྲོང་གིས་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག་བཏོན་པ་དེའི་ནང་གཙོ་བོ་ཚོང་འགུགས་ལ་སྐུལ་མ་དང་། གཉེར་ཞུགས་ལ་སྐུལ་མ། ཁྲོམ་རར་བཏོན་པའི་བྱ་དགའ། གཞིས་ཆགས་ཀྱི་བྱ་དགའ། ཤེས་ལྡན་པའི་བྱ་དགའ། རྩ་འཛུགས་དང་ཁོར་ཡུག་འགན་ལེན་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རང་གྲོང་གིས་ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་དུ་གཉེར་ཞུགས་དངུལ་རྩའི་སྒྲིག་གཞི་དང་། དངུལ་རྩའི་མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞི། དེ་བཞིན་ཁྲོམ་རར་འདོན་རྒྱུ་ཡིན་པའི་སྒྲིག་གཞི་གཙོ་བོ་བཅས་དངུལ་རྩའི་ཚོང་དོན་ཁུལ་དུ་སྤོས་པའི་ཁྲོམ་རར་བཏོན་པའི་ཀུང་སི་དང་དངུལ་རྩའི་ཚོང་དོན་ཁུལ་དུ་ཁྲོམ་རར་བཏོན་པའི་ཀུང་སི་སོགས་ལ་སྲིད་ཇུས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་ཞིང་། བྱ་དགའི་དངུལ་གྲངས་མཐོ་ཤོས་སྒོར་ཁྲི་5000ཟིན་རྒྱུ་རེད། དེ་དང་ཆབས་ཅིག་དངུལ་རྩའི་ཚོང་དོན་ཁུལ་དུ་གཞིས་ཆཊ་པའི་དངུལ་ཁང་དང་། འགན་བཅོལ། འཛིན་ལོར་སོགས་དངུལ་རྩའི་སྒྲིག་གཞིར་གཞུང་དངུལ་བཅོལ་བ་དང་། གཙོ་གནད་ཡིད་རྟོན་དངུལ་བུན་གཡར་བ། འགན་བཅོལ་ཞབས་ཞུ། ཁྲོམ་རར་བཏོན་པར་ཟུར་ཁྲིད། IPOམཚམས་སྦྱོར་སོགས་ལས་སྒོའི་མཉམ་ལས་ཐད་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
དངུལ་རྩའི་ཚོང་དོན་ཁུལ་དུ་ཐོག་མར་ཁྲོམ་རར་ཞུགས་པ་དང་། གསར་གསུམ་མ་རྐང་ཉོ་ཚོང་གི་སྒོ་བྱང་བཀལ་བ། དངུལ་རྩའི་ཚོང་དོན་ཁུལ་དུ་གསར་དུ་སྤོས་པའི་ཁྲོམ་རར་བཏོན་པའམ་ཡང་ན་སྒོ་བྱང་བཀལ་བའི་ཁེ་ལས་ལ་སྙན་ཞུ་ཕུལ་མ་ཐག་ཞིབ་བཤེར་དང་ཞིབ་བཤེར་ཚར་མ་ཐག་སྤྲོད་པའི་ཐོགས་མེད་བགྲོད་ལམ་དང་རང་སྐྱོང་ལྗོངས་སྐལ་བཟང་མེ་ཏོག་བྱ་སྤྱོད་ཀྱི་བྱ་དགའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་ཕུད། ད་དུང་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྒོར་ཁྲི་500ལོངས་སུ་སྤྱོད་ཆོག་གི་ཡོད།
གཞན་ཡང་ཆ་རྐྱེན་ཚང་བའི་ཁེ་ལས་ལ་དེའི་གཉེར་སྐྱོང་གི་གནས་ཚུལ་དང་གསར་གཏོད་ཀྱི་ནུས་པ་སོགས་ལ་གཞིགས་ནས་དམའ་ཤོས་ལ་ཐོབ་ཁྲལ་ཁྲལ་ཚད་ཀྱི་གཟིགས་སྐྱོང་བརྒྱ་ཆ་9སྤྲོད་རྒྱུ་རེད། དངུལ་རྩའི་ཚོང་དོན་ཁུལ་དུ་བཅའ་ཞུགས་བྱས་ཟིན་པ་དང་ཚོང་འགུགས་གསར་པ་བྱས་པའི་གྲོང་ཁྱེར་གཞན་གྱི་ཁེ་ལས་ལ་བསྡུར་ཚད་ལྟར་ཁེ་ལས་ཀྱི་ལས་ཐོག་ལས་མིར་བྱ་དགའ་སྤྲོད་རྒྱུ་དང་། གཞུང་ལས་ཐད་སྤྱོད་པའི་ཁང་པ་ཉོ་སྒྲུབ་དང་། གཞུང་ལས་ཐད་སྤྱོད་པའི་ཁང་པ་བོགས་མར་ལེན་པ། གཞུང་ལས་ཐད་སྤྱོད་པའི་ཁང་པར་མཛེས་བཟོ་བྱས་པའི་ཁེ་ལས་བཅས་ཀྱི་ཁང་པ་ཉོས་པའི་རིན་གོང་བསྡོམས་འབོར་དང་། ཁང་པ་བོགས་མར་བླངས་པ་དང་གཞུང་ལས་ཐད་སྤྱོད་པའི་ཁང་པ་མཛེས་བཟོ་བྱས་པའི་མ་དངུལ་གཏོང་བ་སོགས་ལ་གཞིགས་ནས་མཐོ་ཤོས་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི་200སྤྲོད་རྒྱུ། ཆ་རྐྱེན་དང་མཐུན་པའི་ལས་མི་སྒེར་གྱིས་ཁང་པ་ཉོ་བར་ཐེངས་གཅིག་ལ་མཐོ་ཤོས་སྒོར་ཁྲི་6གི་བྱ་དགའ་སྤྲོད་རྒྱུ། ཆ་རྐྱེན་དང་མཐུན་པའི་དངུལ་རྩའི་སྒྲིག་གཞི་དང་། དངུལ་རྩའི་མཚམས་སྦྱོར་ཞབས་ཞུའི་སྒྲིག་གཞི། ཁྲོམ་བཏོན་ཀུང་སི་སོགས་ཀྱི་མཐོ་རིམ་དོ་དམ་མི་སྣར་རང་སྐྱོང་ལྗོངས་ཀྱི་ཇོ་མོ་གླང་མའི་ཤེས་ལྡན་པ་དང་ཤེས་ལྡན་པའི་དོན་ཚན་19ཡི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ་དང་།ཆབས་ཅིག་ད་དུང་ཁེ་ལས་དང་ཁེ་ལས་ཀྱི་ལས་ཞུགས་མི་སྣ་དངུལ་རྩའི་ཚོང་དོན་ཁུལ་དུ་གནས་སྤོ་བྱེད་པའི་འགན་ལེན་འབྲེལ་མཐུད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཆ་རྐྱེན་དང་མཐུན་པའི་ཤེས་ལྡན་པར་གཏན་འབེབས་ལྟར་ལྷ་སའི་ཤེས་ལྡན་པ་བདེ་སྡོད་དང་། བུ་ཕྲུག་སློབ་གྲྭར་ཞུགས་པ། བཟའ་ཟླར་ལས་ཞུགས་སོགས་ཞབས་ཞུའི་འགན་ལེན་སྲིད་ཇུས་སྣ་ཚོགས་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社