分享按钮

ཐུན་མོང་ཐོག་གོང་འཕེལ་གྱི་ཐབས་ཇུས་བཟང་པོ་བཏིང་བ་དང་ ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ།

2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན།ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་དུད་མཚམས་སྦྱོར་ཚོགས་འདུའི་ཟུར་བྲིས།

ཟླ་5པའི་ལྷ་སའི་གནམ་གཤིས་དྲོ་ཞིང་མེ་ཏོག་སྣ་ཚོགས་ཀྱི་འདབ་མ་ལྷུག་པོར་བཞད་དེ་ཚོན་མདངས་རྣམ་པར་བཀྲ།

ཟླ་5ཚེས་20ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་སྒྲུབ་འགན་ཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན།ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་དུད་མཚམས་སྦྱོར་ཚོགས་འདུ་ལྷ་སའི་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེན་མོར་འཚོགས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་གྲོགས་པོ་ལྷ་སར་འཛོམས་ནས་ཐུན་མོང་ཐོག་མཛའ་གྲོགས་གླེང་བ་དང་།འཕེལ་རྒྱས་དོན་གཉེར།མཉམ་ལས་གྲོས་མོལ།འབྱུང་འགྱུར་དོན་གཉེར་བཅས་བྱས་ཡོད།

རྒྱལ་ཡོངས་ས་གནས་ཁག་གི་ཁེ་ལས་མཁས་ཅན་ལྷ་སར་མ་འཇོག་དང་ལས་གཉེར་གནང་བར་ཕེབས་རྒྱུར་འགའ་བསུ་ཞུ་རྒྱུ་ཡིན།ལྷ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཁྱེད་དང་མཉམ་སྤྱོད་བྱ་རྒྱུ་དང་།ལྷ་སའི་སྤུས་ལེགས་ཞབས་ཞུར་ཁྱེད་ཀྱི་ཐུགས་བློ་ཚིམ་རྒྱུ།ལྷ་སའི་དར་རྒྱས་གོང་འཕེལ་ཁྲོད་དུ་ཁྱེད་མཉམ་དུ་ཞུགས་གནང་ཞེས་པའི་མཚམས་སྦྱོར་ཚོགས་འདུའི་ཐོག་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ལས་རིགས་ཁག་གི་སྐུ་མགྲོན་དང་རྒྱ་ཆེའི་ཁེ་ལས་མཁས་ཅན་ལ་སྤྲོ་སེམས་འཁོལ་པོས་གདན་ཞུ་གནང་བ་རེད།

མཚམས་སྦྱོར་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འགན་འཁུར་བས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ལ་གསལ་འགྲེལ་གནང་བ་རེད།ད་ཐེངས་ནི་ན་ནིང་གི་ལོ་མཇུག་ཏུ་སྤེལ་བའི་བོད་ལྗོངས་དངོས་མང་འགྲེམས་ཚོགས་ཐོག་རང་གྲོང་གིས་ཕྱོགས་བསྡུས་བྱས་ནས་བཏོན་པའི་སྲིད་ཇུས་ཁག་ཆེ་གྲས་6གི་དོན་ཚན་ཁག་30ཡི་རྨང་གཞིའི་ཐོག་འཐུས་ཚང་དུ་བཏང་ནས་བཏོན་པའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་རིགས་ཆེ་གྲས་6གི་དོན་ཚན་ཁག་35དེ་ནི་དགོས་མཁོ་ཆེ་བ་དང་། ཁྱབ་རྒྱ་དེ་བས་ཆེ་བ།གཟིགས་སྐྱོང་བྱེད་ཤུགས་དེ་བས་ཆེ་བ།ཡིད་དབང་འགུག་པའི་བྱེད་ཐབས་དེ་བས་མང་བ་བཅས་ཡིན་ཞེས་བརྗོད་ཆོག

ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་མཚམས་སྦྱོར་དཔོན་གྱིས་མཛེས་ལྗོངས་ཁུལ་དང་།མཛེས་ལྗོངས།མཛེས་ལྗོངས་ཐོན་རྫས་བཅས་ལ་དམིགས་ནས་ལྷ་སའི་ཡུལ་སྐོར་རྣམ་གྲངས་45མཚམས་སྦྱོར་བྱས་པ་དེའི་ནང་སྤུས་ཚད་མཐོ་བའི་འཛད་སྤྱོད་ཐོན་རྫས་དོན་གཉེར་བྱེད་པ་དང་མིག་སྔའི་ཡུལ་སྐོར་རྣམ་གྲངས་ཀྱང་ཡོད་པ་དེ་དག་ཚང་མས་བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་དང་སྣ་མང་ཅན་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མཚོན་ཡོད།

མིག་སྔར་ཡུལ་སྐོར་ཁྲོད་ཚན་རིག་ཁྱབ་གདལ་དང་སློབ་སྦྱོང་ཞིབ་འཇུག་བྱེད་པའི་ཡུལ་སྐོར་དེ་ཚ་རླབས་ཤིག་ཏུ་གྱུར་ཡོད།མཚོ་བོད་ས་མཐོ་ནི་འཛམ་གླིང་ཐོག་གི་ས་མཐོ་ཆེ་ཤོས་ཡིན་པའི་ངོས་ནས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལྡན་པས་ཞིབ་འཇུག་དང་སློབ་སྦྱོང་གི་ཡུལ་སྐོར་ཐད་རང་བྱུང་གི་ལེགས་ཆ་ལྡན་ཡོད།མཚམས་སྦྱོར་ཚོགས་འདུའི་ཐོག་ད་དུང་ས་མཐོའི་ཚན་རིག་ཁྱབ་གདལ་ཞིབ་འཇུག་དང་རིག་གཞུང་གི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་ལམ་ཐིག་ངོ་སྤྲོད་བྱས་པ་རེད།

ནང་དོན་ཕུན་སུམ་ཚོགས་པའི་མཚམས་སྦྱོར་དང་ལྷག་བསམ་རྣམ་དག་གིས་ཁེངས་པའི་གདན་ཞུ་ལ་བརྟེན་ནས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་།ལྷ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་གོ་སྐབས་ཕྱོགས་ཡོངས་ནས་མངོན་པ་དང་ཚོགས་ཞུགས་ཚོང་པས་ལྷ་སའི་སྤྲོ་སེམས་དང་གསོན་ཤུཊ་དང་།ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས།འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་བཅས་དངོས་སུ་ཚོར་ཐུབ་ཡོད།ཡུལ་སྐོར་ཚོང་པའི་འཐུས་ཚབ་བོད་ལྗོངས་ཡུལ་སྐོར་མ་འཇོག་དང་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀོན་ཅན་ཅུན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་གསར་དར་ཐོན་ལས་ཡིན་པའི་ངོས་ནས་ས་གནས་ཀྱི་དཔལ་འབྱོར་དར་རྒྱས་དང་འབྲེལ་བ་ཡོད་པར་མ་ཟད། ད་དུང་རིག་གནས་རྒྱུན་འཛིན་དང་གསར་གཏོད་དང་དེ་བས་ཀྱང་འབྲེལ་བ་ཡོད།ལྷ་སས་ད་ལྟ་རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་འབྲེལ་བ་བཙུགས་པ་དང་།ཕྱོཊ་ཁག་ལ་སྣེ་ཁྲིད་དེ་ཐུན་མོང་ཐོག་ལྷ་སའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། རྣམ་པ་གསར་པ་དང་། མཐོང་རྒྱ་གསར་པ། མཚོན་ཚུལ་གསར་པ་བཅས་ཀྱི་ཐོག་ནས་ལྷ་ས་གསར་པ་མཚོན་བཞིན་ཡོད་པ་ང་ཚོས་ཀྱང་ཤེས་རྟོཊ་བྱུང་། ང་ཚོས་ཀྱང་རྒྱ་ཆེའི་མཁོ་མཁན་ཚོགས་སྤྱིར་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་འོད་སྟོང་འཕྲོ་བའི་རིག་གནས་ཁྱབ་སྤེལ་ཧུར་ཐག་བྱས་ཏེ་ཡུལ་སྐོར་བར་ཁྱད་པར་ཅན་དང་། ཁྱད་ཆོས་ཅན། གཙོ་དོན་ཅན། གཏན་འཁེལ་ཅན་བཅས་ཀྱི་ཡུལ་སྐོར་ལམ་ཐིག་གཏོད་རྒྱུ་དང་ཆབས་ཅིག་གངས་ལྗོངས་གནའ་གྲོང་དང་གནས་མཆོག་ལྷ་སར་བསྐྱོད་དེ་གནས་རི་དང་།མཚོ།མཚེའུ་བཅས་མཇལ་ནས་ཁ་ཞེ་གཉིས་མེད་ཀྱི་རང་ཉིད་མཐོང་བ།མི་ཞིག་དང་མཛའ་བའི་བརྩེ་བ་ཚུགས་ནས་ཚེ་གང་འགྱོད་པ་མི་སྐྱེ་བ་ཞིག་ཡོང་བར་བྱེད་ཅེས་གསུངས་པ་རེད།

མཚམས་སྦྱོར་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་ལྷ་ས་གྲོང་ཁྱེར་པོ་ཏ་ལ་ཡུལ་སྐོར་རིག་གནས་ཚོགས་པ་ཚད་ཡོད་ཀུང་སིས་ཞེ་ཁྲེང་ཚོགས་པ་དང་། ཤིན་ཅང་ཧོ་ཐེན་ས་ཁུལ་རིག་གནས་ཡུལ་སྐོར་ཅུས། ཧྥ་རན་སེའི་ཡ་ཀའོ་གསོལ་མགྲོན་ཁང་ཚོགས་པ(ཧྲང་ཧའེ)སོགས་དང་མཉམ་ལས་གྲོས་མཐུན་མང་པོ་བཞག་པ་དང་། རྫོང(ཆུས)ཁག་གི་དཔལ་འབྱོར་བྱེད་ནུས་ཁུལ་ཁག་གིས་གཙང་པོ་གསུམ་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་སོགས་དང་མཉམ་ལས་གྲོས་མཐུན་བཞག་པ་རེད། ཡུལ་དངོས་སུ་ཁྱོན་གན་རྒྱ་བཞག་པའི་རྣམ་གྲངས་5ཡོད་པ་དང་གྲོས་མཐུན་མ་འཇོག་སྒོར་དུང་ཕྱུར་11.07ཟིན་པ་རེད།

གན་རྒྱ་བཞག་པའི་ཁེ་ལས་ཀྱི་འཐུས་མི་གཙང་གསུམ་རྒྱལ་སྤྱིའི་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལེའོ་ཧྲི་ཆིན་གྱིས་ལྷ་ས་ནི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྱི་གྲོང་ཁྱེར་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན།ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་དུད་མཚམས་སྦྱོར་ཚོགས་འདུའི་ཟུར་བྲིས། 6 6 拉萨日报藏文 c181406.html 1 ཐུན་མོང་ཐོག་གོང་འཕེལ་གྱི་ཐབས་ཇུས་བཟང་པོ་བཏིང་བ་དང་ ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ། /enpproperty-->