分享按钮

རང་གྲོང་གིས་འཛམ་གླིང་ཚད་འཇལ་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་5ཚེས་20ཉིན་ནི་འཛམ་གླིང་ཚད་འཇལ་ཉིན་མོ་ཐེངས་25པ་དེ་ཡིན་ཞིང་།ལྗོངས་དང་ལྷ་ས་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཚོང་གཉེར་ཞབས་ཞུ་ལྟེ་གནས་དང་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དང་ལག་གདང་སྦྲེལ་ཏེ། ཚད་འཇལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་རྨང་གཞི་བརྟན་གཏོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་གཙོ་དོན་དུ་བྱས་པའི་ཚོད་ལྟ་ཁང་གི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་རིག་ནུས་གློག་གི་ཆུ་ཚོད་ཅེས་པའི་དྲིལ་བསྒྲགས་བརྙན་ལམ་ལ་བལྟས་ནས་རིག་ནུས་གློག་གི་ཆུ་ཚོད་ཀྱི་ལས་ཀའི་རྩ་བའི་རིགས་པ་དང་། ཐོན་སྐྱེད་ཀྱི་བརྒྱུད་རིམ། བེད་སྤྱོད་ཀྱི་རྣམ་པ་བཅས་ཤེས་རྟོགས་རགས་ཙམ་བྱས་པ་རེད། དེ་རྗེས་ཆེད་ལས་མི་སྣའི་སྣེ་ཁྲིད་འོག་ནུས་པ་ཆ་ཚང་བའི་ཚོད་ལྟ་ཁང་བདུན་དུ་བསྐྱོད་དེ་གློག་ཆས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་ལག་རྩལ་གསར་བཅོས་ལ་མིག་མཐོང་ལག་ཟིན་བྱུང་ཡོད། ཐོག་མའི་འཕྲུལ་ཆས་རྣམ་པའི་གློག་གི་ཆུ་ཚོད་ནས་ད་ཆའི་རིག་ནུས་གློག་གི་ཆུ་ཚོད་བར་ལག་རྩལ་གྱི་འཕེལ་རྒྱས་རེ་རེ་ལས་འཛད་སྤྱོད་པར་དེ་བས་གནད་ལ་འཁེལ་ཞིང་སྟབས་བདེ་བའི་གློག་སྤྱོད་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་ལེགས་བཤད་ཀྱིས་བྱེད་སྒོའི་ཁྲོད་ངས་རིག་ནུས་གློག་གི་ཆུ་ཚོད་ཀྱི་ལས་ཀའི་རྩ་བའི་རིགས་པ་དང་། ཞིབ་དཔྱད་བརྒྱུད་རིམ།རྒྱུན་གཏན་འཚོ་བའི་ཁྲོད་ཐོན་པའི་ནུས་པ་གལ་ཆེན་བཅས་ཤེས་རྟོགས་བྱུང་། ངས་ད་དུང་གློག་གྲོན་ཆུང་གི་ཐབས་ཤེས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་མང་པོ་ཞིག་ཤེས་རྟོགས་བྱུང་བས་ནང་མི་དང་གྲོགས་པོ་ཚོར་ཤེས་བྱ་དེ་དག་དྲིལ་བསྒྲགས་བྱས་ནས་ཁོང་ཚོར་གློག་གྲོན་ཆུང་གི་གལ་ཆེའི་རང་བཞིན་ལ་ཤེས་རྟོཊ་བྱེད་དུ་འཇུག་གི་ཡིན་ཞེས་བཤད།

ཚོད་ལྟ་ཁང་དུ་ཆེད་ལས་མི་སྣས་གློག་ནུས་ཚད་འཇལ་གྱི་སྒྲིག་ཆས་དང་གློག་ནུས་ཚད་འཇལ་འཕྲུལ་ཆས་ལ་འཐེན་བཤེར་བྱེད་པའི་བརྒྱུད་རིམ་ལ་འགྲེལ་བཤད་བརྒྱབ་པས་གྲོང་མི་ཚོར་ཚན་རིག་དང་མཐུན་པའི་ཚད་འཇལ་གྱིས་གློག་སྤྱོད་དབང་ལ་འགན་ལེན་བྱེད་པའི་ཁྲོད་ཐོན་པའི་ནུས་པ་གལ་ཆེན་ཚོར་ཐུབ་ཡོད། དེ་དང་ཆབས་ཅིག་ཁོང་ཚོས་ད་དུང་དྲ་ཐོག་ཏུ་དར་ཁྱབ་ཆེ་བའི་རིག་ནུས་གློག་གི་ཆུ་ཚོད་སྐོར་གྱི་དཀྲོག་གཏམ་ལ་དམིགས་ཏེ་དོན་དངོས་དང་གྲངས་གཞིར་བརྟེན་ནས་ཚང་མའི་དོགས་པ་བསལ་ཡོད།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཚོང་གཉེར་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུའུ་དབྱིན་ཧེང་གིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།གྲོང་མི་མང་ཚོགས་ཀྱིས་གློག་ཆས་ཀྱི་འབྲེལ་ཡོད་ཤེས་བྱར་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད། ང་ཚོས་ད་དུང་གྲོང་མིས་བཏོན་པའི་གློག་གི་ཆུ་ཚོད་སྐོར་གྱི་གནད་དོན་ཁག་གཅིག་ལ་ལན་བརྒྱབ་པ་ཡིན། ང་ཚོས་སྔར་རྒྱུན་བཞིན་གློག་གི་ཆུ་ཚོད་ཀྱི་གནད་འཁེལ་རང་བཞིན་དང་བློས་འགེལ་ཆོག་པར་འགན་ལེན་བྱས་ནས་འཛད་སྤྱོད་པར་ཞབས་ཞུ་དེ་བས་ལེཊ་པ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

ཡུལ་དངོས་སུ་རིག་ནུས་ཞིབ་དཔྱད་གཏན་འཁེལ་གྱི་རྒྱུན་མཐུད་གློག་སྐུད་དང་རིག་ནུས་མཛོད་ཉར་ལ་ལྟ་སྐོར་བྱེད་པའི་བརྒྱུད་རིམ་ཁྲོད་གྲོང་མི་ཚོས་སྔོན་ཐོན་གྱི་ཚན་རྩལ་སྒྲིག་ཆས་དང་ལག་རྩལ་ལ་ཤེས་རྟོགས་བྱས་པ་ལས།དེང་རབས་ཚན་རྩལ་ལ་ཤེས་རྟོགས་བྱེད་ཚད་མཐོ་རུ་ཕྱིན་པར་མ་ཟད། གྲོང་མི་དང་ལས་དོན་པའི་དབར་ཕན་ཚུན་ཤེས་རྟོགས་དང་འབྲེལ་འདྲིས་བྱེད་ཚད་ཀྱང་ཟབ་ཏུ་ཕྱིན་ཡོད་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་ད་དུང་འཚོ་བའི་ཁྲོད་ཀྱི་ཚད་འཇལ་ཤེས་བྱའི་དྲིལ་བསྒྲཊ་དེབ་དང་དྲིལ་བསྒྲཊ་ཡོ་བྱད་1000ལྷག་ཙམ་སྤྲད་ནས་གྲོང་མི་ཚོས་འབྲེལ་ཡོད་ཤེས་བྱར་ཤེས་རྟོཊ་ཐུབ་རྒྱུར་རམ་འདེགས་ཐུབ་ཡོད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཚད་འཇལ་དང་བདེན་དཔང་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཁྲེན་ཤིས་ཡུས་ཉེ་དུས་ང་ཚོས་འཛམ་གླིང་ཚད་འཇལ་ཉིན་མོར་དམིཊ་ནས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུཊ་བྱས་པ་ཡིན།དེའི་ནང་ཡུལ་སྐོར་ཁྲོམ་ར་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཚད་འཇལ་གྱི་ལྟ་སྐུལ་ཞིབ་བཤེར་དང་། སྒོ་འགྲམ་དུ་ཚད་འཇལ་དང་ཞིབ་དཔྱད་ཞབས་ཞུ། ཚད་འཇལ་དོ་དམ་གྱི་ཤེས་བྱ་གསོ་སྦྱོང་། གླིང་ཁུལ་དུ་བྱེད་སྒོ་དེ་རིཊ་སྤེལ་བ་སོཊ་ཚུད་ཡོད། ད་ཐེངས་ཚོད་ལྟ་ཁང་གི་སྒོ་དབྱེའི་བྱེད་སྒོ་སྤེལ་བ་ལས་མང་ཚོཊ་ཀྱིས་གློག་ནུས་ཚད་འཇལ་ཞིབ་དཔྱད་དང་སྤུས་ཚད་ལྟ་སྐུལ་སོཊ་ཀྱི་ངོས་འཛིན་སྔར་བས་ཆེ་རུ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ལ་ཁས་ལེན་བྱེད་ཚད་ཆེ་རུ་ཕྱིན་ཡོད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181404.html 1 རང་གྲོང་གིས་འཛམ་གླིང་ཚད་འཇལ་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->