ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན།ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་ཚོང་དུད་མཚམས་སྦྱོར་ཚོགས་འདུ་དེ་ཀྲོའུ་ཅི་གསོལ་མགྲོན་ཁང་ཆེན་མོར་བདེ་བླག་ངང་འཚོགས་པ་རེད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་རྩ་འཛུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པི་ཏེ·ཤིས་མོང་ཚོགས་འདུར་ཞུགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཀྱང་གསུངས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་ཚོཊ་འདུར་ཞུཊ་ཡོད།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས་བཅས་ཀྱི་ས་གནས་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་རེད།
གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཆང་གིས་ཤིས་ཚིག་གསུངས་སྐབས་བསྟན་དོན། ལྷ་སའི་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། དཔེར་ན། གངས་རི་དང་། འཁྱགས་རོམ། རྩྭ་ཐང་། མཚེའུ་སོགས་རང་བྱུང་ཁམས་ཆེན་མོའི་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོད་པས། དེ་ནི་མི་མང་པོ་ཞིག་གི་རྨི་ལམ་ནང་གི་གནས་མཆོག་ཞིག་ཏུ་གྱུར་ཡོད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社