分享按钮

གྲོང་ཁྱེར་སྲིད་གྲོས་ཀྱིས་2024ལོའི་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཀྲའོ་ཧུའེ་ཉན་དང་འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་16ཉིན། གྲོང་ཁྱེར་སྲིད་གྲོས་ཀྱིས་མི་རིགས་ཁག་དང་ལས་རིགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་2024ལོའི་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྙན་ཞུའི་ཚོགས་འདུའི་ཐོག་རང་གྲོང་གི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ཨུ་ཡོན་7གྱིས་རང་ངོས་ཀྱི་ཉམས་མྱོང་དང་མཐོང་ཐོས་དང་ཟུང་འབྲེལ་བྱས་ཏེ།ཚོགས་ཞུགས་མི་སྣར་ལྷ་སས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་ལྷག་ཙམ་ལས་བརྒལ་བའི་མི་ཡུལ་གྱི་ངོ་མཚར་གཏོད་པའི་ཁྲོད་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསལ་བཤད་བྱས་པ་རེད། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 ཀྲའོ་ཧུའེ་ཉན་དང་འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ། 6 6 拉萨日报藏文 c181399.html 1 གྲོང་ཁྱེར་སྲིད་གྲོས་ཀྱིས་2024ལོའི་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ། /enpproperty-->