分享按钮

ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པ)ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པའི)གླིང་ཕྲན་གཉིས་ཀྱི་གཙང་པོའི་ལྗང་མདོག་འབྱུང་ཁམས་བར་ཁྱམས་མཐོ་རུ་གཏོང་བའི་ལས་གྲྭ་ནི་རང་གྲོང་གི་འདི་ལོའི་ཆུ་བེད་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་།ལས་གཞི་དེ་འགོ་ཚུགས་པ་ནས་བཟུང་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་ཉིན་མཚན་མེད་པར་ལས་གཞི་གོ་རིམ་ལྡན་པ་དང་མགྱོགས་ཚད་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཡོད་ཅིང་།སྔོན་དཔག་བྱས་ན་འདི་ལོའི་ཟླ་7པའི་གོང་དུ་གྲུབ་ཆ་གཙོ་བོ་དང་ཞོར་གཏོགས་གྲུབ་ཆ་ཚང་མ་ལེགས་གྲུབ་ཐུབ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པའི)གླིང་ཕྲན་གཉིས་ཀྱི་གཙང་པོའི་ལྗང་མདོག་འབྱུང་ཁམས་བར་ཁྱམས་མཐོ་རུ་གཏོང་བའི་ལས་གྲྭ་དེ་ལྷ་ས་སྐྱིད་ཆུའི་གཡས་ངོགས་ཀྱི་ལྷ་ཞབས་གླིང་ཕྲན་དང་ཉི་འོད་གླིང་ཕྲན་དབར་གནས་ཡོད་པ་དང་ཆུ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་4.1ཡོད་པ་རེད། རྣམ་གྲངས་དེས་ནང་ཁུལ་གྱི་ཆུ་སྒོའི་ཉེན་སེལ་སྲ་བརྟན་དུ་གཏོང་བའི་ལས་གྲྭ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181398.html 1 ལྷ་ས་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ཆུ་རྒྱུད་འབྱུང་ཁམས་བཅོས་སྐྱོང་ལས་གྲྭ(དུས་ཐེངས་གཉིས་པ)ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། /enpproperty-->