分享按钮

གྲོང་ཁྱེར་ཚོང་དོན་ཅུས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཆེད་དོན་འཆད་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཚོང་དོན་ཅུས་ཏང་ཙུའུ་ཡིས་ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་ཆེད་དོན་འཆད་ཁྲིད་བྱས་པ་རེད།

ཐེངས་འདིའི་འཆད་ཁྲིད་ནང་། གྲོང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཆིའུ་ཏའོ་གདན་དྲངས་ནས་ཆེད་དོན་འཆད་ཁྲིད་གནང་བ་རེད། ལིའུ་ཆིའུ་ཏུའོ་ཡིས་གཙོ་བོར《སྲོལ་ཡིག》ལ་བཟོ་བཅོས་ཐེངས་མང་བརྒྱབ་པའི་རྒྱབ་ལྗོངས་དང་།《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཡང་དག་བྱེད་པ། 《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པའི་གཙོ་དོན་དང་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱེད་པ། 《སྲོལ་ཡིག》ལག་བསྟར་བྱེད་པར་དམ་འཛིན་ཡག་པོ་བྱེད་པ་སོགས་ཀྱི་ཐད་ཟུར་ཁྲིད་ཞིབ་ཚགས་གནང་ཡོད། འཆད་ཁྲིད་གསོན་ཉམས་དོད་ཅིང་ངོ་མཚར་ཆེ་བ་དང་། ནང་དོན་ཕུན་སུམ་ཚོགས་པ།འགྲེལ་བཤད་གནད་ལ་འཁེལ་བ་བཅས་ཡོད་པས། རིགས་པའི་གཞུང་ལུགས་ཀྱི་སྙིང་པོ་བསྡུས་ཡོད་ལ་དཔེ་མཚོན་གྱོད་དཔེར་འགྲེལ་བཤད་ཀྱང་བརྒྱབ་ཡོད།

ཏང་ཡོན་འགོ་ཁྲིད་ལས་བྱེད་པས《སྲོལ་ཡིག》ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་མཛུབ་ཁྲིད་ཡག་པོ་བྱས་ནས་ཏང་ཡོན་ཡོངས་ཀྱི་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་།སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོར་སྲུང་བར་ཁྲིད་སྟོན་བྱས་ཏེ།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་ཡོད།

གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཞོན་གྱིས་ཕྱིས་འབྱུང་། ང་ཚོས་སློབ་སྦྱོང་དང་ལས་ཀའི་དོན་དངོས་ཟུང་འབྲེལ་བྱས་ཏེ་བསམ་སྦྱོར་གཅིག་མཐུན་དང་། སྦྱངས་པ་གོ་ཆོད། ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་པ། བསམ་བློའི་གོ་རྟོགས་ཟམ་མི་ཆད་པར་མཐོ་རུ་གཏོང་བ།སྤྱོད་གཙང་གི་རྨང་གཞི་བཅས་གསོ་སྐྱོང་བྱས་ནས་ལས་བྱེད་པས་ལས་ཀ་བྱེད་པ་དང་།བསམ་ཕྱོགས་གསལ་པོ་ཡོད་པ།རང་གཅུན་ནན་པོ་བྱེད་པ་བཅས་ཀྱི་ཁྲོད་འཇོན་ཐང་སྦྱོང་ཐུབ་པར་བྱས་ནས་དམ་པ་དོན་གཉེར་དང་།སློབ་སྦྱོང་ལ་སྤུས་ཚད་ཡོད་པ།སློབ་སྦྱོང་ལ་ཕན་འབྲས་དངོས་ཐོན་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང《སྲོལ་ཡིག》ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་དོན་དངོས་ཟུང་འབྲེལ་གྱིས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་།ལག་བསྟར་བྱེད་པའི་ཐད་ཤུགས་གནད་ལ་འཁེལ་བ་རྒྱག་པ།ཟུང་འབྲེལ་བྱེད་པའི་ཐད་མཉམ་དུ་ཤུགས་རྒྱག་པ་བཅས་བྱས་ཏེ།ཏང་གི་སྒྲིག་ཁྲིམས་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཀྱི་ཐོག་ནས་དངོས་སུ་མཚོན་པར་བྱ་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཧྥུ་ཆང་གིས་ཐེངས་འདིའི་འཆད་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་།སྒྲིག་ཁྲིམས་ཤེས་པ།སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་བསམ་བློ་དང་ཀུན་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱ་རྒྱུ་ཡིན། ཕྱིས་འབྱུང་། ང་ཚོས་ད་དུང་ཉེན་བརྡའི་སློབ་གསོ་དང་ཡུལ་དངོས་སུ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་བཀུར་བ་དང་མཐའ་ཚད་སྲུང་བ་སོགས་བྱེད་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-21 6 6 拉萨日报藏文 c181244.html 1 གྲོང་ཁྱེར་ཚོང་དོན་ཅུས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཆེད་དོན་འཆད་ཁྲིད་བྱས་པ། /enpproperty-->