分享按钮

སྟག་རྩེ་ཆུས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། སྟག་རྩེ་ཆུས་ཀྱིས་ཟླ་5ཚེས་15ནས་ཚེས་17ཉིན་བར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་སྟག་རྩེ་ཆུས་ཐད་གཏོགས་ཨུ་ལྷན་ཁག་གི་གཞུང་དོན་ཁང(ཅུས)ནས་ཡོང་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་35ཡིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་ཚུལ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཀྱི་གཙོ་དོན་ལ་དམིགས་ཤིང་། རང་ཉིད་ཀྱི་ཚན་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་བྱེད་པའི་ཏང་གི་སློབ་ཚན་ཞིག་འཚོགས་པ་རེད།

སྟག་རྩེ་ཆུས་ཨུད་གཞུང་ལས་ཁང་གི་ལས་བྱེད་པ་ཝང་ཞའོ་ཡུས་ཀྱིས་དགེ་རྒན་གཞན་གྱི་གཏམ་བཤད་ལ་ཉན་རྗེས། ངའི་སློབ་སྦྱོང་གི་བསམ་ཕྱོགས་དང་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང་། ང་ཚོས《སྲོལ་ཡིག》གཅིག་པུར་དོ་ཁུར་བྱས་ནས་རང་ཉིད་ཀྱི་ལས་སྒོ་དང་ཟུང་འབྲེལ་མ་བྱས་ན་མི་འགྲིག དེར་བརྟེན《སྲོལ་ཡིག》དང་ལས་སྒོ་ཟུང་འབྲེལ་གྱིས་ལས་དོན་སྒྲུབ་དགོས་ཞེས་བཤད།

ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེཊ”ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། རིམ་པ་ཁག་གི་ཏང་རྩ་འཛུགས་ཧྲུའུ་ཅིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་སློབ་ཁྲིད་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། སྦྱོང་བའི་ཁྲོད་རྟོགས་རྒྱུ་དང་རྟོགས་པའི་ཁྲོད་སྒྲུབ་རྒྱུའི་ཐད་སྟག་རྩེ་ཆུས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཐུབ་སྟེ། “གནད་དོན་མཉམ་འགྲོལ་དང་། ཉམས་མྱོང་མཉམ་སྤྱོད། ནུས་པ་མཐོར་འདེགས”བཅས་ཀྱི་དམིགས་ཡུལ་གྲུབ་པ་དང་། སྟག་རྩེ་ཆུས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་བཟང་པོ་དང་། ལས་སྒོའི་ཆུ་ཚད་མཐོན་པོ་མངོན་པར་བྱས་པ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-21 6 6 拉萨日报藏文 c181245.html 1 སྟག་རྩེ་ཆུས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”ཀྱི་བྱེད་སྒོ་སྤེལ་བ། /enpproperty-->