ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུའི་བླང་བྱ་ལག་བསྟར་བྱས་ནས་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་། བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། དཔེ་མཚོན་དཔེ་སྟོན་འཛུགས་པ་བཅས་བྱ་ཆེད། ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གིས་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་འགྲན་བསྡུར་ཆེན་པོ་སྟེ། གཞི་རིམ་བཅོས་སྐྱོང་གླེང་ནས་ཕན་ནུས་ཆེ་རུ་གཏོང་བ་ཞེས་པའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།
བྱེད་སྒོའི་ཁྲོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་གྲོང་ཚོ(སྡེ་ཁུལ)ཁག་གི་ཧྲུའུ་ཅི་དང་པོ་དང་། ཧྲུའུ་ཅི། ཀྲུའུ་རེན། དྲ་དཔོན། སྤྱི་ཚོགས་ལས་བཟོ་བ་བཅས་མི་12ཀྱིས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་དང་། བསམ་ཕྱོགས། བྱ་ཐབས། ཕན་འབྲས་བཅས་གླེང་ནས་ལས་སྒོ་དང་། ཞབས་ཞུ། གསར་གཏོད་བཅས་བསྡུར་བའི་ཁྲོད་ནས་ཧེ་བག་རྟོགས་པ་དང་། ཕན་ཚུན་སློབ་སྦྱོང་། ཞན་ཆ་གསབ་པ་བཅས་བྱས་ནས་ལས་ཀའི་གྲུབ་འབྲས་དང་ལས་ཀའི་ངར་ཤུགས་མངོན་པར་བྱས་པ་རེད། ཐེངས་འདིའི་བྱེད་སྒོ་བརྒྱུད། ཕན་ཚུན་བསྡུར་ནས་སློབ་སྦྱོང་ལ་སྐུལ་འདེད་དང་འགྲན་བསྡུར་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བའི་ཐོག་ནས་གནས་ཆུང་ཁྲོམ་གཞུང་གི་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ལས་སྒོའི་ནུས་པ་དང་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ནས་གཞི་རིམ་བཅོས་སྐྱོང་གི་རྩ་ཆེའི་ཉམས་མྱོང་མི་ཉུང་བ་ཞིག་ཐོབ་ཡོད་པ་རེད།
སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གནས་ཆུང་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསོད་ནམས་དབང་འདུས་ཀྱིས་ཐེངས་འདིའི་བྱེད་སྒོས་ང་ཚོའི་གཞི་རིམ་ལས་བྱེད་པར་རང་ཉིད་འགྲེམས་སྟོན་དང་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད། ང་ཚོ་གནས་ཆུང་སྡེ་ཁུལ་གྱིས་མུ་མཐུད་འབད་བརྩོན་བྱས་ཏེ་གསར་བརྗེའི་སྡེ་ལས་དང་ཟུང་འབྲེལ་བྱས་ནས་མུ་མཐུད་ལེགས་སུ་བཏང་ནས་ཁྱད་ཆོས་མངོན་གསལ་དོད་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་གཞི་རིམ་བཅོས་སྐྱོང་གི་ལམ་བུ་གསར་པ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ།གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་གསོ་སྦྱོང་དང་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་ཚོའི(སྡེ་ཁུལ)ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བ། གྲོང་ཚོའི(སྡེ་ཁུལ)དོན་དངོས་དང་མཐུན་པ་དང་ལག་ལེན་དུ་འཁྱོལ་ཐུབ་པའི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བཅས་བྱས་ཏེ་གཞི་རིམ་གྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ཡོང་བར་བྱས་ནས་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社