分享按钮

ཟླ་5ཚེས་18ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལེཊ་སྒྲིག་བྱས་པ།

(པར་ངོས་དང་པོར་མཐུད)ལོ་5ཡན་གྱི་སྐྱེད་ཀ་བརྒྱ་ཆ་2.038ལས་མི་ཉུང་བ་ལག་བསྟར་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིཊ་ན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དོ་དམ་གཏན་འབེབས་གཞིར་བཟུང་གསར་དུ་གཤམ་སྤྲོད་བྱས་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དེ་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་དང་།2024ལོའི་ཟླ་5ཚེས་18ཉིན་གྱི་གོང་དུ་གཤམ་སྤྲོད་བྱས་ཟིན་པའི་དངུལ་བུན་དེ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལེགས་སྒྲིག་བྱས་རྗེས་ཀྱི་སྐྱེད་ཚད་ལག་བསྟར་བྱ་རྒྱུ་རེད།

ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཉར་གྱི་ལས་བཟོ་བའི་དགོས་མཁོ་དངོས་སྐོང་བ་དང་།སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་བྱ་ཆེད། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་འབྲེལ་ཡོད་ཚོད་ལྟའི་བྱ་ཐབས་གཤམ་གསལ་ལྟར་ཡིན་ཏེ། ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཉར་གྱི་ལས་བཟོ་བ་རང་ཉིད་ཀྱིས་ཁང་པ་ཉོ་རིང་མ་དངུལ་གྲབས་གསོག་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐད་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཉར་གྱི་ལས་བཟོ་བའི་ཁང་པ་ཉོ་བའི་དགོས་མཁོ་ཡོད་ཚེ་ཁང་པ་ཉོས་པའི་གཏའ་དངུལ་གྱི་འཛིན་ཡིག་དང་དྲ་ཐོག་ནས་ཐོ་འགོད་བྱས་རྗེས་ཀྱི་ཁང་པ་ཉོས་པའི་གན་རྒྱ་དེ་རེ་ཞུའི་ཆ་རྐྱེན་དུ་བརྩིས་ནས་སྤྱི་གསོག་མ་དངུལ་བླངས་ནས་ཐོག་མའི་དངུལ་སྤྲོད་རྒྱུར་སྤྱོད་ཆོག་པ་དང་། དེ་མིན་གྱི་དངུལ་ལྷག་མ་དེ་སྤྱི་གསོག་མ་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་ལྟར་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་དགོས། བྱ་ཐབས་འདི་ཉིད་ནི་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཉར་གྱི་ལས་བཟོ་བས་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཏོང་ལེན་གྱི་གཏན་འབེབས་ལྟར་ལྷ་ས་གྲོང་ཁྱེར་ཁྱབ་ཁོངས་ནང་གི་གསར་དུ་བསྐྲུན་པའི་རང་སྡོད་ཁང་པར་ཉོ་རྒྱུར་འཚམ་པོ་ཡོད། བྱ་ཐབས་དང་འབྲེལ་བ་ཡོད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་དངུལ་བུན་གཏོང་བའི་གོ་རིམ་དེ《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དང་།《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་དངུལ་བུན་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》གཞིར་བཟུང་ལག་བསྟར་བྱ་རྒྱུ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-21 6 6 拉萨日报藏文 c181242.html 1 ཟླ་5ཚེས་18ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ལེཊ་སྒྲིག་བྱས་པ། /enpproperty-->