(པར་ངོས་དང་པོར་མཐུད)གསལ་ཐོ་ཅན་དང་། རྣམ་གྲངས་ཅན། འགན་འཁྲི་ཅན་བཅས་ཀྱི་ཐོག་ནས་མཉམ་ལས་ཀྱི་འདོད་བློ་དེ་བས་མང་བ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཐོག ལྷ་སའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཐུན་མོང་ཐོག་སྐྱེད་སྲིང་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་དཔེ་མཚོན་ཐུན་མོང་ཐོག་གཏོད་དགོས། ལྷ་ས་གྲོང་ཁྱེར་གྱིས་ཞེ་ཁྲེང་ཚོགས་པ་ལྷ་ས་གྲོང་ཁྱེར་དུ་འཕེལ་རྒྱས་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་སྟབས་བདེ་ཤོས་དང་ཞབས་ཞུ་ཡག་ཤོས་མཁོ་འདོན་ཧུར་ཐག་བྱས་ཏེ། ཕྱོགས་གཉིས་པོའི་མཉམ་ལས་གཏིང་ཟབ་དང་དོན་དངོས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་གཉིས་ཁེ་གཉིས་ཕན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཅང་ཧའོ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞེ་ཁྲེང་ཚོགས་པ་ལྷ་སར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མཉམ་ལས་ཀྱི་འདོད་བློ་ངོ་སྤྲོད་ཞིབ་ཕྲ་གནང་བ་རེད། ཁོང་གིས་ལྷ་སའི་ས་ཁོངས་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཕྱོགས་གཉིས་པོའི་མཉམ་ལས་ལ་རྨང་གཞི་ཡག་པོ་ལྡན་ཡོད། ཞེ་ཁྲེང་ཚོགས་པས་ལྷ་སའི་དགོས་མཁོ་དང་ཞེ་ཁྲེང་གི་ནུས་པ་ལ་དམིགས་ཏེ།ཐོན་རྫས་དང་། ལག་རྩལ། རྒྱུགས་འབོར་སོགས་ཐད་ཀྱི་ཐོན་ཁུངས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། རང་འགུལ་ངང་མཉམ་འདྲེས། འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དངོས་སྒྲུབ་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社