(པར་ངོས་དང་པོར་མཐུད)ཚད་གཞི་མཐོན་པོས་སྐུལ་འདེད། བླང་བྱ་ནན་པོས་དོན་འཁྱོལ་བཅས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བཀོད་སྒྲིག་ཞིབ་ཚགས་ཀྱིས་འགོ་ལེགས་པར་ཚུགས་པ་སྟེ། གྲོང་ཁྱེར་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མགྱོགས་མྱུར་དོ་ཁུར་བྱེད་པ་དང་། མགྱོགས་མྱུར་ལས་དོན་སྤེལ་བ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། འཕྲལ་མར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་དཔུང་ཁག་འཛུགས་པ། 《ལྷ་ས་གྲོང་ཁྱེར་གྱི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ཁོངས་གཏོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལས་དོན་སྤེལ་བའི་ལག་བསྟར་ཇུས་གཞི》ཞིབ་འཇུག་ནན་ཏན་བྱས་ནས་བཟོས་ཤིང་དཔར་འགྲེམས་བྱེད་པ། གཞུང་ཁོངས་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་མཁན་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ཚོགས་འདུ་འཚོག་པ། སློབ་སྦྱོང་གི་བླང་བྱ་ལ་དམིགས་ནས་མིག་སྔ་དང་ཕྱིས་འབྱུང་གི་སློབ་སྦྱོང་གི་ལས་འགན་དང་ལས་ཀ་གཙོ་བོ་གཏན་ལ་འབེབས་པ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་དང་། སློབ་སྦྱོང་གི་འཆར་གཞི། དཔེ་ཀློག་འཛིན་གྲྭའི་ལས་ཀའི་ཇུས་གཞི་བཅས་ཁྱོན་54བཟོས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཞིབ་ཕྲ་ཡོང་བ་དང་གནད་ལ་འཁེལ་པོ་ཡོང་བར་འགན་ལེན་བྱས་པ་རེད།
སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་བྱས་ནས་གོ་བ་གཏིང་ཟབ་བླངས་ཤིང་བེད་སྤྱོད་ལེགས་པར་བཏང་བ་སྟེ། སློབ་སྦྱོང་ནི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པས། སློབ་སྦྱོང་གཏིང་ཟབ་དང་། སློབ་སྦྱོང་ཡག་པོ། སློབ་སྦྱོང་གནད་ལ་འཁེལ་བ་བཅས་བྱུང་ན་གཞི་ནས་ཏང་གི་སྒྲིག་ཁྲིམས་ནི་ཅི་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ་ཅིང་། ཅི་ཞིག་བྱེད་ཆོག་པ་དང་ཅི་ཞིག་བྱེད་མི་ཆོག་པ་གསལ་པོར་ཤེས་ཐུབ་པས། ཁོངས་གཏོགས་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)སློབ་སྦྱོང་གི་ནང་དོན་གཙོ་བོར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་དཔེ་ཀློག་འཛིན་གྲྭ་གཉེར་བའི་རྣམ་པའི་ཐོག་ནས་ཇི་མ་ཇི་བཞིན་སློབ་སྦྱོང་དང་ཇི་མ་ཇི་བཞིན་གོ་བ་བླངས་པ་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུན་གཞུང་དབང་ཁེ་ལས་ཁག་ལ་ལྟ་སྐུལ་དོ་དམ་བྱེད་མཁན་ཏང་ཨུད་ཀྱིས་ཏང་ཡོན་དང་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་ལ་དོ་སྣང་མི་བྱེད་པ་དང་། རྒྱུས་ལོན་མི་བྱེད་པ། ཁོང་དུ་ཆུད་པར་མི་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཐེངས་18གཉེར་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་དམིགས་ནས་རང་སོ་སོའི་བསམ་བློ་དང་། ལས་ཀ འཚོ་བ་བཅས་དང་ཟུང་འབྲེལ་བྱས་ཏེ་སྤེལ་རེས་དང་བགྲོ་གླེང་བྱས་ཤིང་མི་50ལྷག་ཙམ་གྱིས་སོ་སོའི་མྱོང་ཚོར་གླེང་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་ཐབས་ལམ་གང་ལེགས་སྤྱད་དེ། ཏང་ཨུད་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་17དང་ཏང་ཀྲི་པུའུ་ཡི་ཏང་ཡོན་གྱི་གཅིག་བསྡུས་སློབ་སྦྱོང་ཚོགས་འདུ་ཐེངས་120ལྷག་ཙམ་འཚོགས་པ། རིམ་པ་མི་འདྲ་བ་དང་ཡུལ་མི་འདྲ་བར་དམིགས་ཤིང“སྲོལ་ཡིག་སློབ་སྦྱོང་དང་། བཅའ་ཁྲིམས་ཤེས་པ། སྒྲིག་ལམ་གསལ་བ། མཐའ་ཚད་སྲུང་བ”བཅས་ལ་དམིགས་ཏེ། མི་500ལྷག་ཙམ་གྱིས་སྤེལ་རེས་དང་བགྲོ་གླེང་བྱས་ནས་མཉམ་དུ་ཡར་ཐོན་ཡོང་བར་བྱས་པ་རེད།
སློབ་སྦྱོང་གི་ཐབས་ལམ་ལ་མཐོང་ཆེན་བྱས་ནས་ཁོང་དུ་ཆུད་རྒྱུར་སྐུལ་འདེད་བཏང་བ་སྟེ། “སྒྲིག་ཁྲིམས་ལ་སློབ་སྦྱོང་བྱ་རྒྱུ”ནི་རྨང་གཞི་དང་། “སྒྲིག་ཁྲིམས་ཤེས་པར་བྱ་རྒྱུ”ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། “སྒྲིག་ཁྲིམས་རྟོགས་པར་བྱ་རྒྱུ”ནི་རྩ་བ་དང་། “སྒྲིག་ཁྲིམས་སྲུང་རྒྱུ”ནི་འགག་རྩ་ཡིན་པས། ཁོངས་གཏོགས་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱེད་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་འདོན་པ། དངོས་སུ་སློབ་སྦྱོང་ལ་དམ་འཛིན་བྱེད་པ་བཅས་ཀྱི་སྒོ་ནས་སློབ་སྦྱོང་ལ་ཕན་འབྲས་བཟང་པོ་ཐོབ་རྒྱུར་འགན་ལེན་བྱས་པ་དང་། ཇི་མ་ཇི་བཞིན་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། ཏང་ཨུད་ཀྱི་འགོ་ཁྲིད་དཔུང་ཁག་དང་ཀྲི་པུའུ་ཧྲུའུ་ཅིའི་སློབ་ཁྲིད་ནུས་པར་དོ་སྣང་ཆེན་པོ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཙོ་གནད་ལ་དམིགས་པ། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གཙོ་གནད་དུ་འཛིན་པ། སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱེད་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་དང་དཔེ་ཀློག་གི་འཛིན་གྲྭ་གཉེར་བ། མ་རྩོམ་བཀླགས་ནས་རྩ་བའི་རིགས་པ་རྟོགས་པར་བྱེད་པ་བཅས་ཀྱི་སྒོ་ནས་མྱོང་ཚོར་100ལྷག་ཙམ་བྲིས་ཤིང་། འོག་གི་སྣེ་གོང་གིས་ཁྲིད་པ་དང་། སྔོན་ལ་གོམ་པ་གང་སྦྱོང་། གཏིང་ཟབ་ཙམ་སྦྱོང་བ་བཅས་བྱས་པར་མ་ཟད། སྣེ་ཁྲིད་ཀྱི་ནུས་པའང་འབུར་དུ་ཐོན་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བླང་བྱ་དེ་ལག་ལེན་དུ་འགྱུར་བར་བྱས་ཤིང་། སྒྲིག་སྲོལ་གྱི་སྲུང་བྱ་དང་། གཏམ་སྦྱོར་གྱི་སྲུང་བྱ། རང་གཅུན་རང་རྟོགས་བཅས་ལ་དམིགས་ནས་ཧྲུའུ་ཅིས་ཏང་གི་སློབ་ཚན་ཁྲིད་དེ། ཏང་ཡོན་དང་ལས་བྱེད་པས་བཅའ་ཁྲིམས་ཀྱི་བླང་བྱ་རྣམས་ལག་ལེན་དུ་བསྒྱུར་རྒྱུར་ཁྲིད་སྟོན་བྱས་པ་རེད། ད་དུང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་གི་གཙོ་དོན་ཉིན་མོ་བེད་ལེགས་པར་སྤྱད་དེ། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་སློབ་སྦྱོང་བྱ་རྒྱུ་གཙོ་བོར་བྱས་ནས་སློབ་སྦྱོང་དང་བསམ་གཞིག་ནན་ཏན་བྱས་ཤིང་། ཏང་ཡོན་ལས་བྱེད་པས《སྲོལ་ཡིག》གི་ཕུན་སུམ་ཚོགས་པའི་ནང་དོན་ཡོངས་གོ་བ་ཡང་དག་ལེན་ཐུབ་པར་བྱས་པ་དང་། སྒྲིག་ཁྲིམས་ཀྱི་བླང་བྱ་ནང་སེམས་རྒྱུད་ལ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱས་པ་རེད། ཉེན་བརྡའི་སློབ་གསོའི་ལས་དོན་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉེ་འགྲམ་གྱི་བྱ་བ་དང་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་ཟབ་མོ་གཏོང་བ་དང་། སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞི་བེད་ལེགས་པར་སྤྱོད་པ། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་རྟེན་གཞི་སོགས་སུ་སྲིད་དོན་གཙང་སྐྱོང་གི་ཉེན་བརྡའི་སློབ་གསོའི་བྱེད་སྒོ་སྤེལ་བ། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་ལྟ་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ཏང་ཁྲིམས་དང་རྒྱལ་ཁྲིམས་ནན་སྲུང་དང་། ཀུན་སྤྱོད་ཀྱི་མཐའ་ཚད་ནན་སྲུང་། རུལ་སུངས་འགོག་པའི་བསམ་བློའི་འཛིང་རགས་བརྟན་གཏོང་བཅས་བྱས་ཤིང་། མྱོང་ཚོར་གྱི་རྩོམ་ཡིག་500ལྷག་ཙམ་བྲིས་པ་རེད། གསལ་འགྲེལ་གསོ་སྦྱོང་གི་ལས་དོན་མཐའ་འཁྱོངས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཏིང་ཟབ་ཚད་དང་ཚད་གཞིར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཁག་གི་སྐད་འཕྲིན་སྤྱི་སྟེགས་སོགས་སྤྱོད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་གཉེར་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་རྩོམ་ཡིག་100ལྷག་ཙམ་བཀོད་ཅིང་། ཁོངས་གཏོགས་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐབས་ལམ་དང་། འཕེལ་རིམ། ཕན་འབྲས་བཅས་མངོན་པར་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྣམ་པ་ལེགས་པར་བཏོད་པ་རེད། དེ་དང་ཆབས་ཅིག“གུང་ཁྲན་ཏང་ཡོན་དྲ་བ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་བ། སློབ་བརྩོན་རྒྱལ་ཁབ་སྟོབས་ཆེན་གྱི་དྲ་བ། ལྷ་སའི་རྩ་འཛུགས་ལས་དོན་དྲ་བ། ལྷ་སའི་ཡོངས་བསྒྲགས་དྲ་བ”སོགས་ཀྱི་སྟེགས་བུ་སློབ་སྦྱོང་གི་གཡུལ་ས་ལྟ་བུར་བརྩིས་ཤིང་། ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཏང་གི་སློབ་གྲྭའི་ཆེད་ལས་མཁས་པ་གདན་དྲངས་ཏེ། ཆེད་དོན་ཟུར་ཁྲིད་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གཏིང་ཟབ་ཚད་ཟབ་ཏུ་དང་ཚད་གཞི་རྒྱ་ཆེ་རུ་བཏང་བ་རེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社