分享按钮

སྟག་རྩེ་ཆུས་ཀྱི་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་ལས་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ཧུའུ་ཧྥེང་གྲོང་ཁྱེར་འཛུགས་སྐྲུན་ཚོགས་པ་ཡིས་བོད་ལྗོངས་ཀའོ་ཅེ་ཀུང་སི་དང་མཉམ་འབྲེལ་བྱས་ནས་སྟག་རྩེ་ཆུས་ཀྱི་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་ཀྱི་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

མཛད་སྒོ་འགོ་མ་ཚུགས་གོང་། སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་། སྟག་རྩེ་ཆུས་གྲོང་ཁྱེར་དོ་དམ་ཅུས་སོགས་ཀྱི་འབྲེལ་ཡོད་མི་སྣས་དངོས་ཟོག་དྲ་སྦྲེལ་དང་། དྲ་སྤྲིན་རྩིས་རྒྱག གྲངས་གཞི་ཆེན་མོ། མིས་བཟོས་རིག་ནུས་སོཊ་ཀྱི་ལག་རྩལ་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་གྲངས་གཞི་དང་རིག་ནུས་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་ལ་ལྟ་སྐོར་བྱས་པ་རེད། ལས་དོན་མི་སྣས་ཡུལ་དངོས་སུ་མ་ལག་དེས་ཇི་ལྟར་བྱས་ནས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་། གད་སྙིགས་གཙང་སེལ། སྔོ་འགྱུར་བདག་སྐྱོང་། གྲོང་ཁྱེར་དོ་དམ་དང་སྲུང་སྐྱོང་། རིག་ནུས་སྒྲོན་འོད། གྲོང་ཁྱེར་སྡེ་ལས་དང་དེ་བཞིན་ཤེས་རིག་སྤྱི་པའི་གསང་སྤྱོད་སོགས་ཀྱི་ཐད་གྲངས་གཞི་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་སྤྱད་དེ་ཐོན་ཁུངས་དྲ་ཐོག་ནས་གཅིག་གྱུར་བཀོད་གཏོང་དང་མཐུན་སྦྱོར་ཡོང་བར་བྱ་རྒྱུ་གསལ་སྟོན་བྱས་པ་རེད། ལས་དོན་མི་སྣས་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་དང་ཟུང་འབྲེལ་བྱས་ནས་ཚང་མས་མ་ལག་དེས་ཇི་ལྟར་བྱས་ནས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་ཞིབ་ཚགས་ཡོང་བ་དང་རིག་ནུས་ཅན་གྱི་དོ་དམ་མངོན་འགྱུར་ཡོང་བའི་ཐད་ཤེས་རྟོགས་རགས་ཙམ་བྱས་པ་རེད།

རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཁྲོད། ཀའོ་ཅེ་ཚོགས་པས་སྒོར་ཁྲི་1400ཙམ་བཏང་ནས་འཕྲུལ་ཆས་71ཉོ་སྒྲུབ་བྱས་པ་དང་། ལམ་འགྲམ་གྱི་གད་སྙིགས་སྒམ་ཆ་ཚང་100ལྷག་ཙམ་བརྗེས་ཤིང་། དེའི་ཁྲོད་ལམ་ངོས་ཀྱི་ལས་སྒྲུབ་རླངས་འཁོར་ཆེ་གྲས་དང་ལས་གྲྭའི་སྒྲིག་ཆས་21ཡོད་པ་དང་། མགྱོཊ་མྱུར་གཙང་སྦྲ་བྱེད་པའི་རླངས་འཁོར་50ཡོད་པས་འཕྲུལ་ཆས་ཀྱིས་ལས་སྒྲུབ་བྱེད་པའི་ཁྱབ་ཁོངས་ཆེ་རུ་ཕྱིན་ཡོད་པ་རེད།

གྲོང་ཁྱེར་འཛུཊ་སྐྲུན་དོ་དམ་གྱི་གནད་དོན་ནི་སྔར་ནས་བཟུང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཆེ་ཤོས་ཀྱི་དམངས་འཚོའི་དོན་ཆེན་ཞིག་ཡིན། བོད་ལྗོངས་ཀའོ་ཅེ་ཀུང་སིས་སྟག་རྩེ་ཆུས་ཀྱི་གྲོང་ཁྱེར་ཕྱོཊ་བསྡུས་ཞབས་ཞུའི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་། མ་ལག་འཛུཊ་སྐྲུན། སྤུས་ལེཊ་གཏོད་པ་སོཊ་ཀྱི་ཐད་འབད་བརྩོན་བྱས་ཏེ་ལོ་ཕྱེད་ནང་སྟག་རྩེ་ཆུས་ཀྱི་ཁོར་ཡུག་འཕྲོད་བསྟེན་དང་སྡེ་ལས་དོ་དམ་གྱི་རྣམ་པ་རིམ་སྤོར་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་སྟག་རྩེའི་ལེའུ་གསར་པ་རྩོམ་རྒྱུའི་ཐད་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

ཀའོ་ཅེ་ཚོཊ་པའི་ཏུང་ཧྲི་ཀྲང་ཧྥུའུ་ཞ་ཡིས་སླད་ཕྱིན་ཀུང་སིས་ཞིབ་ཚཊ་ཅན་གྱི་དོ་དམ་དང་། རྒྱུན་རྣམ་ཅན་གྱི་རྒྱུན་འཁྱོངས། ཤེས་རིག་ཅན་གྱི་མཐོར་འདེཊ། ལེཊ་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་སོཊ་གཙོ་བོར་བཟུང་སྟེ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། མི་ཐབས་ཕལ་བ་དང་འཕྲུལ་ཆས་གཙོ་བོར་བྱས་ཏེ་གྲོང་ཁྱེར་གྱི་ལམ་གཙོ་བོ་དང་གཙོ་གནད་ས་ཁོངས་སུ་ལས་སྒྲུབ་བྱེད་ཚད་མང་དུ་བཏང་ནས་གྲོང་ཁྱེར་དེ་བས་གཙང་སྦྲ་དོད་པ་དང་མང་ཚོཊ་ལ་ཐོབ་སྣང་དེ་བས་ལེཊ་པ་ཡོང་ཐུབ་པར་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-21 6 6 拉萨日报藏文 c181238.html 1 སྟག་རྩེ་ཆུས་ཀྱི་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་ལས་འགོ་ཚུགས་པ། /enpproperty-->