(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་དང་། ཝང་ཆང། ཧོ་ཕུང་སོགས་ཀྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀྲུའུ་ཤུན་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། དཀར་མཛེས་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཡིན་པའི་ལིའུ་ཧུང་། གླུ་གཞས་མཁས་པ་གཡུང་དྲུང་རྒྱལ། གློག་བརྙན་འཁྲབ་སྟོན་པ་ཝང་ལི་ཁེ། ཀྲུང་གོའི་སྐབས་གཉིས་པའི་གཙོ་སྐྱོང་གི“གསུང་སྐད་སྙན་ཤོས་ཀྱི་བྱ་དགའ”ཐོབ་མཁན་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་གྱི་གཙོ་སྐྱོང་པ་ཡེ་ཤེས་སྒྲོལ་མ། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་པ་སུང་ཁྲུན་རུང་དང་བཀྲ་ཤིས་སྒྲོལ་མ་བཅས་ལ་ལྷ་སའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གཞུང་ཚབ་ཆེན་མོ་བའི་གདན་ཞུའི་ཡི་གེ་སྤྲད་ཅིང་། ས་ཡུལ་དངོས་སུ་གཉེན་སྒྲིག་བྱེད་མཁན་འཐུས་མིར་མཇལ་དར་བསྒྲོན་པ་དང་བྱེད་སྒོའི་དྲན་གསོའི་ལག་ཁྱེར་སྤྲད་པ། པེ་ཅིང་དང་། ཀྲེ་ཅང་། ཀོང་ཀྲོའུ། སི་ཁྲོན་བཅས་ཞིང་ཆེན(གྲོང་ཁྱེར)4ཡི་འཐུས་མི་ཡིས་མི་རིགས་མཐུན་སྒྲིལ་ཆེན་མོ་དང་མཉམ་འདྲེས་ཆེན་པོ་མཚོན་པའི་ཆུ་ལེན་མཛད་སྒོ་སྤེལ་བ་རེད། ཝང་ཆང་གིས་2024ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་གནམ་མཚོའི་དར་ཁ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་རེད།
མཛད་སྒོ་མ་སྤེལ་གོང་། ཤའོ་ཡིའུ་ཚའེ་ད་དུང་རྫོང(ཆུས)ཁག་གི་དམངས་སྲོལ་རིག་གནས་གུར་དུ་ཕེབས་ཏེ་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་གྱི་ལག་རྩལ་འགྲེམས་སྟོན་ལ་གཟིཊ་སྐོར་དང་མཁྱེན་རྟོཊ་གནང་བ་དང་ཡུལ་སྐོར་བ་དང་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། བྱེད་སྒོ་དེ་ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་སོགས་ལས་སྟེགས་བརྒྱུད་ནས་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པ་རེད།
སིང་ཀ་ཕོར་གྱི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་འཐུས་མི་དང་། འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ཡུལ་སྐོར་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚོང་པ་གྲགས་ཅན་དང་དྲིལ་བསྒྲགས་རིག་རྩལ་ལས་རིགས་ཀྱི་གྲགས་ཅན་མི་སྣ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཁག་དང་། རྒྱལ་ཡོངས་ཀྱི་སྤུན་ཟླའི་གྲོང་ཁྱེར། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་ཁུལ)གཞན་དག་གི་འབྲེལ་ཡོད་འགོ་ཁྲིད་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཡོད་མི་སྣ་བཅས་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོར་གདན་དྲངས་ནས་ཞུགས་ཡོད་པ་རེད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社