ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་བོད་ལྗོངས་གྲོང་ཁྱེར་ལས་རིཊ་ཚོཊ་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོཊ་བྱུང་བར་གཞིཊ་ན། ཚང་མའི་གཟའ་མཇུག་གི་ཡུལ་སྐོར་གྱི་དགོས་མཁོ་སྐོང་ཆེད། ཟླ་5ཚེས་18དང་19ཉིན་ལྷ་ས་གྲོང་ཁྱེར་མ་འཇོག་ཁོངས་གཏོགས་ཀྱི་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་གྱི་སྒོ་འབྱེད་མཛད་སྒོ་དང་ཕྱི་རོལ་གྱི་དགའ་ནེའུ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་རིན་མེད་ཀྱི་ཉམས་ལེན་རྣམ་གྲངས་དང་ལེ་ལག་ཚང་བའི་མཉམ་འགུལ་ཉམས་ལེན་ཁུལ་མང་པོ་མཁོ་འདོན་བྱས་པར་མ་ཟད། རིན་གོང་འཚམ་པའི་ཁྱད་ལྡན་རྣམ་གྲངས་ཀྱང་མང་པོ་བཏོད་ཡོད། ཚང་མས་བོད་ལྗོངས་ཀྱི་རིམ་པ་བཞི་བའི་མཛེས་ལྗོངས་ཁུལ་གྱི་དམིཊ་བསལ་ཡིད་དབང་འཕྲོག་ཤུཊ་མྱོང་རོལ་གང་ལེཊ་བྱེད་ཐུབ་ཀྱི་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་ནི་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར་གནས་པ་དང་། གླིང་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་180ཡོད། ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་དང་བར་ཐག་སྤྱི་ལེ་25ཙམ་ཡོད་པ་དང་རླངས་འཁོར་གྱི་ལམ་ཐག་སྐར་མ་50ཙམ་ཡོད། མཛེས་ལྗོངས་ཁུལ་དེ་ནི་སྲོལ་རྒྱུན་གྱི་འཚོ་བའི་རིག་གནས་དར་སྤེལ་གཏོང་རྒྱུར་དམིགས་ནས་འཆར་འགོད་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དེང་རབས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་།“རི་སྔོན་ཆུ་དྭངས”ཀྱི་འབྱུང་ཁམས་ལྟ་སྐོར་གྱི་ཁོར་ཡུག་བཏོད་ནས་གྲོང་མིའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་གདམ་ག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད།
ད་ཐེངས་ཀྱི་བྱེད་སྒོའི་རིང་གྲོང་མི་དང་ཡུལ་སྐོར་བས་མུའུ་སྟོང་གི་འབྲས་མངར་མེ་ཏོག་དང་། ཕྱི་རོལ་གྱི་སྒར་ས། སྐར་ཚོགས་ཀྱི་བར་ཁྱམས་རིང་མོ། ནོར་གནག་ལྟ་སྐོར་སོགས་བོད་ཀྱི་དབྱར་དུས་ཀྱི་མཛེས་ལྗོངས་ལ་ཉམས་ལེན་བྱེད་ཆོག་པ་དང་། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཧ་ལེ་འཕྲུལ་འཁོར་གྱི་འགྲེམས་སྟོན་དང་། ཕྱི་རོལ་གྱི་ཁང་འཁོར་སྒར་ས། མེ་ཕུང་གི་དགོང་ཚོགས་སོགས་རིན་མེད་དམིགས་བསལ་བྱེད་སྒོ་སྤེལ་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་སྒུལ་ཤུགས་མེད་པའི་སྤྲོ་སྐྱིད་གླིང་དང་། རྟ་རྩལ་འཁྲབ་སྟོན། འཇའ་ཚོན་ཤུད་ལམ་སོགས་རིན་གོང་སྤྲོད་དགོས་པའི་ཉམས་ལེན་རྣམ་གྲངས་ཁག་གཅིག་སྤེལ་ཡོད་ཅིང་། གླིང་ཁུལ་དུ་ལྟ་སྐོར་མེ་འཁོར་གྱིས་དམིགས་འཛུགས་ས་ཚིགས་བརྒྱད་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་གྲོང་མི་དང་ཡུལ་སྐོར་བས་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་ནས་རྩེད་མོ་རྩེད་ཆོག་གི་ཡོད་པ་རེད། གླིང་ཁུལ་སྒོ་ཕྱེ་བའི་བྱེད་སྒོ་ཕུད། མཛེས་ལྗོངས་ཁུལ་འདིས་གཅིག་རྗེས་གཉིས་མཐུད་ངང་རྣམ་གྲངས་སྣ་ཚོགས་སྒོ་དབྱེ་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དེ་བས་ལེགས་པའི་ཡུལ་སྐོར་གྱི་ཉམས་ལེན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
བོད་ལྗོངས་གྲོང་ཁྱེར་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཉི་མ་དོན་གྲུབ་ཀྱིས་ད་ཐེངས་ཀྱི་གླིང་ཁུལ་གྱི་འགོ་ཚུགས་བྱེད་སྒོའི་གཟིགས་སྐྱོང་བྱེད་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་མཛེས་ལྗོངས་ཁུལ་གྱི་འཇའ་ཚོན་ཤུད་ལམ་དང་སྒུལ་ཤུགས་མེད་པའི་སྤྲོ་སྐྱིད་གླིང་ལ་སྒོར་30སྤྲད་ཚེ་ཐེངས་གྲངས་མེད་པའི་ཐོག་ནས་རྩེད་ཆོག་པ་དང་རྟ་རྩལ་དང་རྟ་རྒྱུག་འཁྲབ་སྟོན་གྱི་སྤ་སེའི་རིན་གོང་མི་རེར་སྒོར་80ལས་སྤྲོད་དགོས་ཀྱི་མེད། སླད་ཕྱིན་ངེད་མཛེས་ལྗོངས་ཁུལ་གིས་ལེ་ལག་ཚང་བའི་རོལ་རྩེད་རྣམ་གྲངས་སྣ་ཚོགས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལྟ་སྐོར་དང་ཉམས་ལེན་བྱེད་པར་གདན་ཞུ་བྱ་རྒྱུ་ཡིན་ཞེས་བཤད།(བྱམས་པ་ཚེ་རིང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社