(པར་ངོས་དང་པོར་མཐུད)ཐེངས་འདིའི་རིག་རྩལ་མཉམ་འདུས་འཁྲབ་སྟོན་ནི《བརྩེ་བ་མྱོང་བ》དང《བརྩེ་བ་མཚོན་པ》《བརྩེ་བ་བརྒྱུད་སྤྲོད》དང《ཁྱེད་ཀྱི་བརྩེ་བར་ཐུཊ་རྗེ་ཆེ་ཞུ》ཞེས་པའི་ལེ་ཚན་བཞིར་དབྱེ་ཡོད། འཁྲབ་སྟོན་བྱེད་རིང་གྲོང་ཁྱེར་དམིཊ་བསལ་སློབ་གསོའི་སློབ་གྲྭ་དང་།ལོང་བའི་རོལ་ཆའི་རུ་ཁག དབང་པོ་སྐྱོན་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག སྟོད་ལུང་བདེ་ཆེན་ཆུས་གཞོན་ནུ་ལོ་ཆུང་བྱེད་སྒོ་ལྟེ་གནས་སོགས་ཁྱབ་ཁོངས་ཁག་ནས་ཡོང་བའི་དབང་པོ་སྐྱོན་ཅན་ཚོས་འཁྲབ་སྟོན་བྱས་པ་བརྒྱུད་ཁོང་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་གང་ལེགས་མཚོན་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་དབང་པོ་སྐྱོན་ཅན་ཚོཊ་སྤྱིར་ཐུགས་ཁུར་དང་དྲོ་སྐྱིད་སྦྱིན་པར་བསྟོད་གླུ་ཕུལ་བ་རེད།
སྤྲོ་སེམས་རབ་ཏུ་འཕེལ་བའི་ཞབས་བྲོ་ནས་མི་སེམས་འགུལ་བའི་གླུ་དབྱངས་དང་། དལ་བའི་ལག་བརྡ་ནས་བརྩེ་བ་ཟབ་མོ་ལྡན་པའི་གྱེར་འདོན་བྱེད་པ་བཅས་ཀྱི་ལེ་ཚན་ནི་ཁོང་ཚོས་ཚེ་སྲོག་ལ་དགའ་ཞེན་ཚད་མེད་བྱེད་པར་བསྔཊ་བརྗོད་ཀྱི་བསྟོད་གླུ་འབུལ་བ་ཞིག་ཡིན། ངོ་མཚར་ཆེ་བའི་འཁྲབ་སྟོན་རེ་རེས་ལྟད་མོ་བར་སེམས་འགུལ་ཆེན་པོ་ཐེབས་པས་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་རྒྱུ་མེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ད་ཐེངས་ཀྱི་བྱེད་སྒོས་དབང་པོ་སྐྱོན་ཅན་ལ་རང་ཉིད་འགྲེམས་སྟོན་བྱེད་པའི་གར་སྟེཊ་ཤིག་མཁོ་འདོན་བྱས་པར་མ་ཟད། མང་ཚོཊ་ཀྱིས་དབང་པོ་སྐྱོན་ཅན་གྱི་ཚོཊ་སྤྱིར་ཤེས་རྟོཊ་དང་བརྩི་འཇོག་བྱེད་པའི་སྐར་ཁུང་ཞིག་ཀྱང་བཏོད་ཡོད་ཅེས་བཤད་པ་རེད།
གཞན་ཡང་། བྱེད་སྒོར་ཞུཊ་མཁན་འགོ་ཁྲིད་ཀྱིས་ཡུལ་དངོས་ཀྱི་དབང་པོ་སྐྱོན་ཅན་གྱི་འཐུས་མིར་འཚམས་འདྲི་ཞུས་ཤིང་། ཁོང་ཚོར་འཚོ་བར་ཁ་གཏད་ཧུར་ཐག་གཅོག་པ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་སྐུལ་མའང་གནང་བ་རེད། ཡུལ་དངོས་སུ་ད་དུང་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ཁེ་ལས་ཀྱི་འགྲེམས་ཚོང་ས་ཚིཊ་དང་།བཅོལ་གསོའི་ཞབས་ཞུ་ལྟེ་གནས་ཀྱི་བཅོལ་གསོ་བྱ་ཡུལ་གྱི་ལག་ཤེས་ཐོན་རྫས་འོས་འཚོང་དང་སྲིད་ཇུས་དྲིལ་བསྒྲཊ་ས་ཚིཊ་བཙུཊ་ཡོད་པས་གྲོང་མི་མི་ཉུང་བ་ཞིག་གིས་ཤེས་རྟོཊ་དང་ཉོ་སྒྲུབ་བྱ་རྒྱུའི་ཡིད་དབང་བཀུག་ཡོད།
ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དམིཊ་བསལ་ཐུཊ་ཁུར་དང་། དོ་ཁུར། སྤྱི་ཚོཊ་ལས་རིཊ་ཁག་གི་ཤུཊ་ཆེའི་རྒྱབ་སྐྱོར་བཅས་ཀྱི་འོག ལྷ་སའི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང་། དབང་པོ་སྐྱོན་ཅན་གྱི་གཞི་རྩའི་དམངས་འཚོར་འགན་ལེན་ནུས་ལྡན་བྱུང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་པ་དང་། དབང་པོ་སྐྱོན་ཅན་ཡང་མི་ཐང་མ་དང་འདྲ་མཉམ་ངང་སྤྱི་ཚོཊ་ཀྱི་བྱེད་སྒོར་ཞུཊ་པའི་ཁོར་ཡུག་དང་ཆ་རྐྱེན་མུ་མཐུད་ལེཊ་སུ་ཕྱིན་པ། དབང་པོ་སྐྱོན་ཅན་གྱི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ད་ཆ་དབང་པོ་སྐྱོན་ཅན་གྱི་མི་སྣ་དེ་བས་མང་བ་ཞིག་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྤྱི་ཚོཊ་དང་དཔལ་འབྱོར་འཛུཊ་སྐྲུན་ནང་ཞུགས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་མཛེས་སྡུག་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社