(པར་ངོས་དང་པོར་མཐུད)དཔེ་མཛོད་ཁང་གི་ཐོན་ཁུངས་འཛུགས་སྐྲུན་དང་ལས་སྒོའི་མཛུབ་ཁྲིད་སོགས་ཕྱོགས་མང་པོའི་ཐད་ནས་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཞིང་། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ལ་རོགས་སྐྱོར་བྱས་པའི་དཔེ་དེབ་ཁྱོན་ཁྲི་20ཟིན་པ་དང་རིན་ཐང་སྒོར་ཁྲི་1000ཟིན་ཡོད་པ་རེད། ན་ནིང་གི་ཟླ་7པར་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་སྒོ་ཕྱེས་ཤིང་། ནན་ཅིང་དཔེ་མཛོད་ཁང་གིས་ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་ལ་གནའ་བོའི་དཔེ་དེབ་དང་ཚད་ལྡན་ཡིག་ཆ་དཔར་བཤུས་མ་རྩིས་སྤྲོད་བྱས་པ་རེད།
ནན་ཅིང་དཔེ་མཛོད་ཁང་གིས་རོགས་སྐྱོར་བྱས་པའི་བྱ་སྤྱོད་ཀྱི་ཐོག་ནས་དཔེ་མཛོད་ཁང་གཉིས་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་པར་མ་ཟད། ནན་ཅིང་དཔེ་མཛོད་གིས་ལྷ་སའི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའང་མཚོན་ཐུབ། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་གོ་སྐབས་དེ་དམ་འཛིན་བྱས་ནས་ནན་ཅིང་དཔེ་མཛོད་ཁང་ལ་སྤེལ་རེས་དང་མཉམ་ལས་བྱེད་པའི་ཐད་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་དང་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་ས་གནས་གཉིས་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་ཀློག་པ་པོར་དཔེ་ཀློག་ཞབས་ཞུ་དེ་བས་མང་བ་དང་དེ་བས་ལེགས་པ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社