ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་ཞེ་ཁྲེང་ཚོགས་པའི་མཐོ་རིམ་སྤྱི་འདོམས་གཞོན་པ་དང་ཡུལ་སྐོར་བྱ་གཞག་ཚོཊ་པའི་ཏུང་ཧྲི་ཀྲང་ཅང་ཧའོ་དང་བཅས་པ་བཞུཊ་མོལ་གནང་ནས་ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དངོས་གཉེར་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཁྲེན་ཅིང་། ཝང་ཧུའེ། ཀྲང་ཁྲུན་དབྱང་བཅས་པ་དང་། ཞེ་ཁྲེང་ཚོགས་པའི་ཝུའུ་ཧྲན་དང་། དབྱི་དབྱང་། ལི་ཏའོ་ཝུའེ། ལིའུ་ཐིང་བཅས་ཚོགས་འདུར་ཞུགས་ཡོད།
ཤའོ་ཡིའུ་ཚའེ་ཡིས་ཅང་ཧའོ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཞེ་ཁྲེང་ཚོགས་པས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཁོང་གིས་ལྷ་ས་ནི་ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན་པའི་གནའ་གྲོང་ཞིག་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ཁག་དང་པོ་ཞིག་ཡིན་ཞིང་། རང་བྱུང་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གསོག་འཇོག་གཏིང་ཟབ་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ། ཁྲོམ་རའི་མདུན་ལམ་རྒྱ་ཆེ་བ་བཅས་ཡིན། ཞེ་ཁྲེང་ཚོགས་པ་ནི་རྒྱལ་ནང་གི་རིག་གནས་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་རྒྱ་ཁྱབ་ལྡན་པའི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པ་དང་། ཇུས་འགོད་ཀྱི་ནུས་པ་ཆེན་པོ་དང་གཉེར་སྐྱོང་གི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད། ཞེ་ཁྲེང་ཚོགས་པས་ལས་རིགས་ཀྱི་ལེགས་ཆ་དང་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལྷ་སའི་ཡུལ་སྐོར་ཐོན་ཁུངས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་གྲོས་འགོ་ཡག་པོ་དེ་བས་མང་བ་འདོན་རྒྱུའི་རེ་བ་ཡོད། ལས་སྟེགས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རིག་ལྡན་ཡུལ་སྐོར་བེད་སྤྱོད། གྲོང་གསེབ་དར་རྒྱས་གཏོང་རོགས་སོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社