分享按钮

རང་གྲོང་གིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོར་རིག་རྩལ་འཁྲབ་སྟོན་བྱས་པ།

ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲའོ་ཧུའེ་ཉན་བྱེད་སྒོར་ཕེབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་19ཉིན་ནི“རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ཉིན་མོ”ཐེངས་སོ་བཞི་པ་ཡིན་ཞིང་།ཉིན་དེར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཞིག་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་བྱས་ཤིང་།རང་གྲོང་གི་ཁྱབ་ཁོངས་ཁག་ནས་ཡོང་བའི་དབང་པོ་སྐྱོན་ཅན་ཚོས་ཁོང་ཚོའི་འཇོན་ཐང་དང་སྤྲོ་སེམས་ལ་བརྟེན་ནས་འབད་བརྩོན་ལྷོད་མེད་དང་།རང་ལ་ཡིད་ཆེས་ཀྱི་ཁེངས་པ།རང་ཚུགས་ཐུབ་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་བྱེད་སྒོར་ཕེབས་ཡོད་པ་རེད།བྱེད་སྒོ་དེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། དེའི་དམིགས་ཡུལ་ནི་རིགས་མི་འདྲ་བའི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད་སྤྱི་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་མི་སྣར་དོ་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་དར་སྲོལ་གཏོད་རྒྱུ་དང་སྦྲགས།དབང་པོ་སྐྱོན་ཅན་ཚོགས་སྤྱིའི་ཧུར་བརྩོན་ཡར་ཐོན་གྱི་འཚོ་བའི་རྣམ་པ་མངོན་པར་བྱས་ནས་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་རང་བརྩི་དང་། རང་ལ་ཡིད་ཆེས།རང་ཚུགས།རང་འབད་བཅས་ཀྱི་ཕུགས་བསམ་དང་དད་སེམས་ཆེ་རུ་བཏང་ཡོད་པ་རེད།

ཉིན་དེའི་སྔ་དྲོ། བྱེད་སྒོ་དེ་གྲོང་ཁྱེར་དམིཊ་བསལ་སློབ་གསོའི་སློབ་གྲྭས་འཁྲབ་སྟོན་བྱས་པའི《བཀྲ་ཤིས་མདའ་དར》ཞེས་པའི་ཁྲོད་བྱེད་སྒོ་འགོ་ཚུཊ་ཤིང་། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-21 ལྕགས་རྭ་བློ་བཟང་བསྟན་འཛིན་དང་ཀྲའོ་ཧུའེ་ཉན་བྱེད་སྒོར་ཕེབས་པ། 6 6 拉萨日报藏文 c181231.html 1 རང་གྲོང་གིས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་རོགས་སྐྱོར་ཉིན་མོར་རིག་རྩལ་འཁྲབ་སྟོན་བྱས་པ། /enpproperty-->