ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་19ཉིན། རང་གྲོང་གིས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོཊ་ཆེན་གྱི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་སྤེལ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོཊ་རིམ་བྱུང་གི་དགོངས་དོན་དང་། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོཊ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྣེ་ཁྲིད་དུ་བྱེད་པ་དང་། “ལས་རིཊ་གཅིག་དར་རྒྱས་དང་ལས་རིཊ་བརྒྱ་དར་རྒྱུའི”དཔལ་འབྱོར་སྐུལ་འདེད་ཀྱི་ཕན་འབྲས་འདོན་སྤེལ་བྱས་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཤུཊ་ཆེན་བཏང་སྟེ་ལྷ་སའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོཊ་རམ་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་བྱེད་སྒོར་ཞུགས་ཡོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ཡུལ་སྐོར་མཐུན་ཚོཊ་ཀྱི་ཀྲུའུ་ཞི་ཕི་ཐེ་ཞི་མོང་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཁྲེན་ཅིང་། ཧོ་ཕུང་། དགྲ་འདུལ། ཀྲང་ཏིང་ཁྲེང་། ཝང་ཧུའེ། ཀྲང་ཁྲུན་དབྱང་། ཕན་ཝུན་ཆིང་བཅས་བྱེད་སྒོར་ཞུཊ་པ་རེད།
གྲང་ངར་ཆེ་བའི་དགུན་དུས་བརྒྱུད་རྗེས་གནམ་མཚོ་དར་ཁ་ཕྱེ་ཞིང་། ཉི་འོད་ཀྱི་འོད་འཕྲོ་ཕོག་པའི་མཚེའུ་མཚོ་ཡི་ཆུ་སྔོ་ཤིང་དྭངས། རྒྱང་རིང་གི་གཉན་ཆེན་ཐང་ལྷའི་གངས་རི་དང་ཕན་ཚུན་འོད་མདངས་འཕྲོ། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་བ་རྣམས་གནམ་མཚོའི་འགྲམ་དུ་འཛོམས་ནས་དགའ་སྤྲོ་རབ་ཏུ་སྐྱེས་ཏེ་མཉམ་དུ་གནམ་མཚོའི་དར་ཁ་ཕྱེ་བར་བདེན་དཔང་བྱེད་པ་དང་དགའ་སྤྲོ་མཉམ་སྤྱོད་བྱས་ནས་ལྷ་སའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གསོལ་སྟོན་གཟབ་རྒྱས་ལ་མྱོང་རོལ་བྱས་པ་རེད།(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社