ཚེས་15ཉིན་ཧྥ་རན་སེ་སྲིད་གཞུང་གིས་ཞི་བདེ་རྒྱ་མཚོ་ལྷོ་མའི་ཕྱི་རྒྱལ་གྱི་ཁོངས་གཏོགས་ས་ཁུལ་ཁ་ལེ་ཏོ་ནི་ཡ་གསར་པ་ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་5པ(པེ་ཅིང་གི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་2)ནས་བཟུང་ཛ་དྲག་གི་གནས་བབ་ལ་གྱར་བ་དང་དུས་ཡུན་ཉིན་12ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཉེ་ཆར།ཁ་ལེ་ཏོ་ནི་ཡ་གསར་པར་ཟིང་ཆ་ལངས་ཡོད་པ་དང་།ཟིང་ཆ་ལངས་པའི་རྒྱུ་རྐྱེན་ནི་འདེམས་བསྐོའི་སྒྱུར་བཅོས་འཆར་གཞི་ལས་བྱུང་བ་ཞིག་ཡིན་པ་རེད།
པར་འདི་ནི་ཟླ་5ཚེས་18ཉིན་ཧྥ་རན་སེའི་ཕྱི་རྒྱལ་གྱི་ཁོངས་གཏོགས་ས་ཁུལ་ཁ་ལེ་ཏོ་ནི་ཡ་གསར་པའི་ནུའུ་མེ་ཨ་རུ་མི་རྣམས་འབངས་སྒྲིག་ནས་སྒོ་རྩིས་ཚོང་ཁང་དུ་མཁོ་ཆས་ཉོ་བཞིན་པའི་རྣམ་པ་ཡིན་པ།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社