(པར་ངོས་དང་པོར་མཐུད)པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་ཡུལ་སྐོར་དོ་དམ་སློབ་གླིང་གི་ཡོན་ཀྲང་་དང་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་མངགས་གདན་ཞུ་ཞིབ་འཇུག་པ་ལི་ཤིན་ཅན། ཀྲུང་གོ་ཡུལ་སྐོར་མཛེས་ལྗོངས་མཐུན་ཚོགས་མཛེས་ལྗོངས་གསར་སྤེལ་གཉེར་སྐྱོང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་དོ་དམ་ཚན་རིག་ཞིབ་འཇུག་གླིང་གི་རིག་གནས་ཡུལ་སྐོར་གྱི་དབུ་བཞུགས་རིཊ་གཅིག་མཁས་ཅན་ཝང་ཞའོ་ཧྥེང་བཅས་ཚོགས་འདུར་ཞུགས་ཡོད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཤའོ་ཡིའུ་ཚའེ་ཡིས་ཤིས་ཚིག་གསུངས་སྐབས་ལྷ་ས་གྲོང་ཨུད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་དེར་བཞུགས་ཀྱི་འགོ་ཁྲིད་དང་། སྐུ་མགྲོན། གྲོགས་པོ་བཅས་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་། ཚང་མས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རིག་གནས་གྲོང་ཁྱེར་དང་།ཉི་འོད་གྲོང་ཁྱེར། འབྱུང་ཁམས་གྲོང་ཁྱེར།སྤྲོ་གསེང་གྲོང་ཁྱེར། མགྲོན་པོར་དགའ་བའི་གྲོང་ཁྱེར་བཅས་ཕྱོགས་ལྔའི་ཐད་ནས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ངོ་སྤྲོད་བྱས་པ་དང་། ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ལ་རིག་གནས་ཀྱི་ཤུགས་རྐྱེན་དང་། མཛེས་ལྗོངས་ཀྱིས་ཐུགས་གསོ། ལྗང་མདོག་སྐྱེ་ཁམས། སྤྲོ་གསེང་ཁམས་གསོ། ལུས་སེམས་དྲོད་སྐྱིད་བཅས་མྱོང་ཚོར་ཐུབ་པར་བྱེད་པའི་མཛེས་སྡུག་ལྡན་པའི་རེ་འདུན་མཚོན་པར་བྱས་པ་དང་། ལྷ་སར་ལན་གཅིག་མཇལ་ན་དགའ། ལྷ་སར་སླར་ཡང་ཐུག་འཕྲད་བྱ་རྒྱུའི་ཁ་ཆད་བྱེད་ཅེས་པའི་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུའི་བརྡ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་དང་། རྒྱ་ཆེའི་ཁེ་ལས་རྒྱུན་དུ་ལྷ་སར་ཕེབས་ནས་ལྷ་སའི་བྲོ་བ་མྱོང་བ་དང་། ལྷ་ས་ལོངས་སྤྱོད་བྱས་ཏེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་སྐོར་གླེང་མོལ་བྱ་རྒྱུར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝུའེ་ཤིའུ་ཁྲང་གིས་ཤིས་ཚིག་གསུངས་སྐབས་ལྷ་ས་གྲོང་ཁྱེར་གྱིས་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། ཁྱོན་ཡོངས་ལ་བསམ་བློ་གཏོང་བ། གནས་ཚུལ་དང་བསྟུན་ནས་ཁེ་ཕན་ལ་སྣེ་ཁྲིད་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ། འཆར་འགོད་ཆེན་པོ་བཟོ་བ་དང་། མཛེས་ལྗོངས་ཁུལ་ཆེན་པོ་བསྐྲུན་པ། རྣམ་གྲངས་ཆེན་པོར་སྐུལ་འདེད་ཡག་པོ་གཏོང་བ། ཞབས་ཞུ་ཆེན་པོ་ཡག་པོ་སྒྲུབ་པ། ཚོང་ཆེན་པོ་ཡག་པོ་རྒྱག་པ་བཅས་བྱས་ནས་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ས་མདུན་མར་ཡག་པོ་སྐྱོད་ཐུབ་རྒྱུའི་རེ་བ་ཡོད། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་ཀྱིས་སྔར་རྒྱུན་བཞིན་ལྷ་སར་སེམས་ཁུར་དང་། རྒྱབ་སྐྱོར། འོས་སྦྱོར་བཅས་བྱས་ནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྱ་གཞག་དར་རྒྱས་དང་འཕེལ་རྒྱས་ལ་མ་འཇོག་བྱ་རྒྱུའི་རེ་བ་ཡོད། ཁེ་ལས་མཁས་ཅན་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལྷ་སར་བསྐྱོད་པ་དང་། ལྷ་སར་མཉམ་འདྲེས། ལྷ་ས་ལོངས་སྤྱོད་བཅས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕྱོགས་གཉིས་སུ་བསྐྱོད་པའི་ལེའུ་གསར་པ་ཐུན་མོང་ཐོག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཚོགས་ཆེན་ཐོག་ད་དུང་འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ཚོགས་མིའི་བྱང་བུ་དང་། རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་བྱང་བུ། རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་ཁག་གསུམ་པའི་བྱང་བུ། རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཚན་པའི་བྱང་བུ་བཅས་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། 《ལྷ་ས་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་འཆར་འགོད》ཁྱབ་བསྒྲགས་བྱས་པ་དང་། ཅང་ཧའོ་དང་། ཀའོ་ཧྲུན་ལི། ལི་ཤིན་ཅན། ཝང་ཞའོ་ཧྥེང་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གཙོ་དོན་གཏམ་བཤད་དང་ཡུལ་སྐོར་འོས་སྦྱོར་བྱས་པ་རེད།
སིང་ཀ་ཕོར་གྱི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པའི་འཐུས་མི་དང་། འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུལ་སྐོར་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། རྒྱལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཚོང་པ་གྲགས་ཅན་དང་དྲིལ་བསྒྲགས་རིག་རྩལ་ལས་རིགས་ཀྱི་གྲགས་ཅན་མི་སྣ་བཅས་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག རྒྱལ་ཡོངས་ཀྱི་སྤུན་ཟླའི་གྲོང་ཁྱེར། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་ཁུལ)གཞན་དག་གི་འབྲེལ་ཡོད་འགོ་ཁྲིད་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཡོད་མི་སྣ་བཅས་གདན་ཞུས་ལྟར་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社