分享按钮

སེར་ཝུའེ་ཡའི་སྲིད་བློན་གྱིས་དུས་རབས་གསར་པའི་སེར་ཝུའེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོཊ་པའི་རྨང་གཞི་བརྟན་དུ་བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་པེར་ཀེ་རེ་ཏེ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན།སེར་ཝུའེ་ཡའི་སྲིད་བློན་ཝུའུ་ཆེ་ཝུའེ་ཆིས་སེར་ཝུའེ་ཡ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུ་དང་། སེར་ཝུའེ་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོས་དུས་རབས་གསར་པའི་སེར་ཝུའེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་རྨང་གཞི་ཡིན་ཞེས་གསུངས་ཡོད།

སེར་ཝུའེ་ཡའི་པེར་ཀེ་རེ་ཏེའི་རྒྱུད་གཅིག་ལམ་གཅིག་ཞིབ་འཇུག་སུའོ་དང་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་རྒྱུན་མཐུད་འགྲིམ་འགྲུལ་གསར་གཏོད་ལྟེ་གནས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་རིག་མཛོད་གླེང་སྟེགས་སྐབས་བཞི་པ་དེ་ཉིན་སེར་ཝུའེ་ཡའི་རྒྱལ་ས་པེར་ཀེ་རེ་ཏེར་ཚོགས་ཡོད། ཝུའུ་ཆེ་ཝུའེ་ཆི་གླེང་སྟེགས་ནང་ཞུགས་པའི་ཤིས་ཚིག་ནང་སེར་ཝུའེ་ཡ་ནི་ཀྲུང་གོ་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པའི་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་ཡིན་ལ་མུ་མཐུད་འདྲ་མཉམ་མཉམ་ལས་ལ་གཞོལ་རྒྱུའི་འཆར་གཞི་ཁ་གསལ་ཡང་བཀོད་ཡོད། ཁོང་གིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོས་ཉེ་དུས་མཉམ་ལས་ཡིག་ཆ་28ལ་མིང་རྟགས་བཀོད་པའམ་ཡང་ན་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅིང་།དེའི་ནང་དོན་ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་པས་རྒྱལ་ཁབ་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

སེར་ཝུའེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ལི་མིང་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་ལག་ལེན་ཁྲོད།ཀྲུང་གོ་དང་སེར་ཝུའེ་ཡ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནི་དཔེ་མཚོན་ཞིག་ཡིན་ཞེས་བརྗོད་ཆོག དེ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་དེ་བས་མངོན་གསལ་དོད་པ་ཡོད། ང་ཚོས་ཐུན་མོང་ཐོག་གྲོས་མོལ་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སེར་ཝུའེ་ཡར་ཟམ་པ་དང་། གཞུང་ལམ། ལྕགས་ལམ་བཅས་བསྐྲུན་པ་དེ་ནི་སེར་ཝུའེ་ཡའི་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་པ་དང་སེར་ཝུའེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། པར་ཀན་ཕྱེད་གླིང་དང་ཡོ་རོབ་སྐམ་ས་ཆེན་མོ་སྔར་བས་སྦྲེལ་མཐུད་བྱས་ནས་ལམ་རྒྱུད་རྒྱལ་ཁབ་ཀྱི་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་དཔལ་འབྱོར་མཉམ་འདྲེས་དང་འཕེལ་རྒྱས་ལའང་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཅེས་བཤད།

སྐབས་འདིའི་རིག་མཛོད་གླེང་སྟེགས་ཐོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མཉམ་ལས། འཕེལ་རྒྱས་བཅས་ལ་དམིགས་ཏེ་རྒྱལ་ཁབ་20ལྷག་ཙམ་གྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན། ཀྲུང་གོའི་མ་དངུལ་ཁེ་ལས་ཀྱི་འཐུས་མི། རིག་གཞུང་སྒྲིག་གཞིའི་འཐུས་མི་བཅས་ཚོགས་འདུར་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ས་བབ་ཆབ་སྲིད་ཀྱི་གནས་ཚུལ་དང་ས་ཁོངས་མཉམ་ལས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པའི་ལོ་བཅུ་དང་པོ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད། རྒྱུན་མཐུད་མཉམ་འབྲེལ་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པའི་བརྗོད་གཞིར་གྲོས་བསྡུར་བྱས་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181225.html 1 སེར་ཝུའེ་ཡའི་སྲིད་བློན་གྱིས་དུས་རབས་གསར་པའི་སེར་ཝུའེ་ཡ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོཊ་པའི་རྨང་གཞི་བརྟན་དུ་བཏང་བ། /enpproperty-->