(པར་ངོས་དང་པོར་མཐུད)བརྟན་ལྷིང་ལ་བརྟེན་ནས་གྲོང་ཁྱེར་བདེ་འཁོད་ཡོང་བ་བཅས་ཀྱི་ལས་ཀའི་རྩ་དོན་ལྔ་གཞིར་བཟུང་ནུས་ཤུགས་ཡོད་རྒུས་བྱེད་ནུས་ཁུལ་ཆེན་པོ་གསུམ་ཆེ་རུ་གཏོང་བ་དང་།ལས་རིགས་ཁག་ལྔའི་འཕེལ་རྒྱས་ཁུལ་ལེགས་སུ་གཏོང་བ།ཐོན་ལས་ཆེན་པོ་དགུ་སྟོབས་ཆེན་དུ་གཏོང་བ་བཅས་བྱེད་བཞིན་ཡོད།ལྷ་སས་གཡག་རྔ་དང་མཉམ་དུ་བོད་ལྗོངས་དང་སི་ཁྲོན་གྱི་སྤེལ་རེས་མཉམ་ལས་བཞུགས་མོལ་ཚོགས་འདུ་དང་།ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་མཛུབ་སྟོན་དང་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ།མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ།མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས་མཛའ་གྲོགས་གྲོང་ཁྱེར་མཉམ་ལས་ཀྱི་དཔེ་མཚོན་ཐུན་མོང་ཐོག་གཏོད་འདོད་ཡོད་པ་སྟེ།གཅིག་ནས་ལམ་སྲོལ་མཉམ་དུ་བསྐྲུན་རྒྱུ།དེ་ཡང་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུ་དེ་འབྲེལ་ཐག་ཏུ་བྱས་ནས་ལས་ཀའི་བསམ་ཕྱོགས་སྔར་བས་ཁ་གསལ་དང་མཉམ་ལས་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱེད་པ་དང་།ས་གནས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་།ཐོན་ལས་མཉམ་ལས།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མང་བ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་།གཉིས་ནས་ཐོན་ལས་མཉམ་དུ་སྐུལ་འདེད་གཏོང་རྒྱུ།དེ་ཡང་གླིང་ཁུལ་འཛུགས་སྐྲུན་དང་།གྲངས་གཞིའི་དཔལ་འབྱོར།རིག་གནས་ཡུལ་སྐོར་སོགས་ལ་དམིགས་ནས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འགུལ་ངང་ཐོན་ལས་འཕེལ་རྒྱས་དང་མཉམ་འབྲེལ་ཐོག་ཁྲོམ་ར་གཏོད་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བར་བྱ་རྒྱུ།གསུམ་ནས་རིག་གནས་ཡུལ་སྐོར་མཉམ་དུ་དྲིལ་བསྒྲགས་བྱ་རྒྱུ།དེ་ཡང་མཉམ་ལས་ཀྱིས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་།ལག་གདང་སྦྲེལ་ནས་ཆེས་མཛེས་པའི་རྒྱལ་ལམ་318སོགས་སྤུས་ལེགས་ལམ་ཐིག་གཏོད་པ།ཐོན་ཁུངས་མཉམ་སྤྱོད་དང་། མཉམ་དུ་ཁྲོམ་ར་རྒྱ་ཆེར་གཏོང་བ། མཉམ་དུ་མཛེས་ལྗོངས་ཁུལ་ལ་སྐུལ་འདེད་གཏོང་བ།ཡུལ་སྐོར་བ་ཕན་ཚུན་སྐྱེལ་རེས་ཐད་མཉམ་ལས་བྱེད་པ་བཅས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞ་ཧྥེང་ཅན་གྱིས་དང་ཐོག་གཡག་རྔ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལྷ་ས་གྲོང་ཁྱེར་གྱིས་ཡུན་རིང་གཡག་རྔ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།ཁོང་གིས་ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་དོན་ཆེན་བཞི་ལ་དམིགས་པ་དང་།འཛུགས་གཏོད་བཞི་ལ་ནུས་ཤུགས་གཅིག་སྒྲིལ་བྱེད་པ།གདོང་དམག་བདུན་ཡག་པོ་བྱེད་པར་དམ་པོར་དམིགས་པ།འཕེལ་རྒྱས་དང་བདེ་འཇགས་ཐད་དེ་བས་སྤྱི་འདོམས་ལེགས་པོ་བྱེད་པ།གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་བདེ་འཁོད་དང་།སྤྱི་ཚོགས་བརྟན་ལྷིང་།དཔལ་འབྱོར་འཕེལ་རྒྱས།མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐོག་ནས་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་མངོན་པས་ང་ཚོས་སྙིང་ཐག་པ་ནས་ཡིད་སྨོན་དང་བློ་སྒོ་ཕྱེ་ཡོད།
ཞ་ཧྥེང་ཅན་གྱིས་གཡག་རྔ་ལ་དམིགས་བསལ་གྱི་ས་ཁོངས་ལེགས་ཆ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡག་པོ་ལྡན་པས།འགན་འཁྲི་དང་ལས་འགན་གསར་པ་འཕྲད་ཡོད།ཕྱོགས་གཉིས་པོས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཞིར་བཟུང་ཐོན་ལས་སྣེ་ཁྲིད་དུ་བྱེད་པ་དང་།རང་སོ་སོའི་ལེགས་ཆ་འདོན་སྤེལ་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་འཕེལ་རྒྱས་དང་།གླིང་ཁུལ་མཉམ་སྐྲུན།རྣམ་གྲངས་ལག་བསྟར་སོགས་ཀྱི་ཐད་ཕྱོགས་ཡོངས་དང་།རིམ་པ་མང་བ།ཁྱབ་ཁོངས་རྒྱ་ཆེ་བ་བཅས་ཀྱི་ཐོག་ནས་མཉམ་ལས་རྒྱ་ཆེར་གཏོང་བ་དང་ས་གནས་གཉིས་པོ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཉིན་དེར་ཤའོ་ཡིའུ་ཚའེ་ད་དུང་གཡག་རྔ་གྲོང་ཁྱེར་གྱིས་གཉེར་བའི་སི་ཁྲོན་དང་བོད་ལྗོངས་མཉམ་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཁུལ་གཅིག་ས་གནས་གཅིག་གི་མ་འཇོག་ངོ་སྤྲོད་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་ལྷ་ས་གྲོང་ཁྱེར་གྱི་ཚབ་ཞུས་ནས་གཡག་རྔ་གྲོང་ཁྱེར་དང་ས་ཁོངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
གཡག་རྔ་གྲོང་ཁྱེར་གྱི་འགོ་ཁྲིད་ལི་མིང་དང་། ལི་ཀྲི་ཆང་།ཀུང་པིང་།ཀྲེང་ཧུའུ་ཡུང་།ལི་དབྱང་ཅུན་བཅས་དང་།ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་།ལུའུ་ཚུང་ཧྥུ།ཕན་ཝུན་ཆིན།བློ་གསལ།ལིའུ་ལེང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社