分享按钮

(པར་ངོས་དང་པོར་མཐུད)འདུ་ཤེས་ཆེན་པོ་ལྔར་གཞི་ཚུགས་ནས་གལ་ཆེ་བ་ལྔ་ཡི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་པ་དང་།ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལྷག་པར་དུ་ད་ཐེངས་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་པ་དེ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཞིག་ཀྱང་ཡིན་པས།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་དང་ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི་ཁྲོད་གོམ་སྟབས་གསར་པ་ཞིག་སྤོས་ཡོད།

ལྷ་ས་འདི་ཉིད་ནི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ཁག་དང་པོ་ཡིན་པའི་ངོས་ནས་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པ་དང་། རིག་གནས་རྣམ་པར་བཀྲ་བ། རང་བྱུང་ཡུལ་ལྗོངས་ཁྱད་དུ་འཕགས་པ།མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་ཀྱི་རིག་གནས་ཡུལ་སྐོར་བརྒྱུད་སྤེལ་བ་རྒན་གྲས་ཤིག་ཡིན་པའི་ཀྲང་ཞའོ་ཝུའེ་དང་ཟླ་བ་ནོར་བུས་ཁོང་ཚོའི་མིག་གི་མཐོང་ཆོས་སུ་གྱུར་བའི་ལྷ་ས་འོས་སྦྱོར་བྱས་ཡོད། བོད་ཀྱི་ཆེད་དོན་ཡུལ་སྐོར་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲང་ཞའོ་ཝུའེ་ཡིས་དེ་རིང་གི་ཚོགས་ཆེན་ཐོག་ང་ཚོས་ལྷ་སའི་བྱང་སྐོར་ལམ་གྱི་ཡུལ་སྐོར་ཐོན་ཁུངས་གཙོ་བོ་ངོ་སྤྲོད་བྱས་པ་ཡིན། དེའི་རྒྱུ་མཚན་ནི་ལྷ་སའི་བྱང་སྐོར་ལམ་དུ་རང་བྱུང་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་འདུས་ཡོད་ཅིང་།ལམ་བར་དུ་མཛེས་ལྗོངས་མང་པོ་ཞིག་ལ་མྱོང་རོལ་བྱེད་ཐུབ།དཔེར་ན་འཁྱགས་རོམ་དང་། སྤང་ཐང་། མཚེའུ།ཆུ་བོ་སོགས་ལྟ་བས་མི་ངོམ་པའི་མཛེས་ལྗོངས་མང་པོ་ཞིག་མཐོང་ཐུབ། དེ་དང་ཆབས་ཅིག་ཚང་མས་ལྷ་སའི་ཞིམ་ཟས་དང་མཛེས་ལྗོངས་ཁྲོད་ནས་ལྷ་སའི་མང་ཚོགས་ཀྱི་སྐྱིད་སྣང་དོད་པའི་འཚོ་བར་ཡང་མྱོང་རོལ་བྱེད་ཐུབ་ཅེས་བཤད།

མཛེས་ཞིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཕུད། འབྱོར་ཕྱུག་ལྡན་པའི་ས་གཞི་འདིར་ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ཀྱང་ཧ་ཅང་མང་པོ་ཡོད། ཐང་ཁ་ནི་དེའི་ནང་གི་གྲས་ཤིག་ཡིན། ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་དེ་རིགས་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པར་མ་ཟད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་དུའང་གྲགས་ཅན་གྱི་མཁས་པ་མང་པོ་ཞིག་ཐོན་ཡོད།

བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་།རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བྱམས་པ་ཆོས་རྒྱལ་གྱིས་ཚོགས་ཆེན་ཐོག་སྐར་མ་ཁ་ཤས་ནང་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པས་མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་ལ་ངོས་འཛིན་དེ་བས་ཟབ་པ་བྱུང་ཡོད།

ཚོགས་ཆེན་ཐོག་ད་དུང་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་དང་། རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ། རྣམ་པ་གསར་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས། རིག་གནས་ཡུལ་སྐོར་གྱི་གྲངས་གཞི་ཆེན་པོ་བེད་སྤྱོད་སོགས་ཀྱི་ཐད་གཙོ་དོན་གཏམ་བཤད་སྤེལ་ཡོད། རིག་གནས་ཡུལ་སྐོར་གྱི་དགོས་མཁོའི་འགྱུར་ལྡོག་གསར་པ་དང་། རིག་གནས་ཡུལ་སྐོར་མཁོ་སྤྲོད་ཀྱི་ཁྱད་ཆོས་གསར་པ། རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་གི་རྣམ་པ་གསར་པ་བཅས་དང་།རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་འདུ་ཤེས་དང་། ལམ་སྲོལ། ཐབས་ལམ་བཅས་ཀྱི་ཐད་རྩེ་རིམ་གྱི་འཆར་འགོད་ཇི་ལྟར་བྱེད་དགོས་མིན་དང་། ནང་དོན་སྤུས་ལེགས་དང་ཐོན་རྫས་ལ་བརྟེན་ནས་དགོས་མཁོ་དང་འཚམ་པ་དང་། དགོས་མཁོར་སྣེ་ཁྲིད། དགོས་མཁོ་ལས་བརྒལ་བ་བཅས་ཇི་ལྟར་བྱེད་དགོས་མིན།གཞི་གྲངས་ནུས་ལྡན་ངང་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཡུལ་སྐོར་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མངགས་ཞིབ་འཇུག་པ་ཀའོ་ཧྲུན་ལི་དང་། པེ་ཅིང་ཕྱི་སྐད་སློབ་གླིང་གཉིས་པའི་ཡུལ་སྐོར་དོ་དམ་སློབ་གླིང་གི་ཡོན་ཀྲང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181221.html 1 /enpproperty-->