ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་17ཉིན་གྱི་ཕྱི་དྲོར།གཡག་རྔ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་ལྷ་སར་ཕེབས་ཏེ་བཞུགས་མོལ་གནང་བ་དང་འབྲེལ་མ་འཇོག་ངོ་སྤྲོད་ཚོགས་འདུ་ཡང་འཚོགས་པ་རེད།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་གཡག་རྔ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞ་ཧྥེང་ཅན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གཡག་རྔ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཅི་ཞང་དང་།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན།གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཕུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཨུད་དང་།གྲོང་ཁྱེར་སྲིད་གཞུང་།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་གཡག་རྔ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་ལྷ་སར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།གཡག་རྔ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཁོང་གིས་གཡག་རྔ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་།སི་ཁྲོན་ཞིང་ཆེན་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།ཁྱད་ལྡན་ཐོན་ལས་གསོ་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་།ཉམས་མྱོང་མང་པོ་ཞིག་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་ཅེས་གསུངས་པ་རེད།
ཤའོ་ཡིའུ་ཚའེ་ཡིས་ལྷ་ས་དང་གཡག་རྔ་ནི་མཛའ་གྲོགས་གྲོང་ཁྱེར་ཞིག་ཡིན་པ་དང་།ས་བབ་གཅིག་མཚུངས་དང་ཕན་ཚུན་མཛའ་གྲོགས་ཟབ་མོ་ལྡན་ཡོད།ལྷ་སས་མིག་སྔར་འབྱུང་ཁམས་ལ་བརྟེན་གྲོང་ཁྱེར་འཛུགས་སྐྱོང་དང་།རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ།ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ།ཁྲིམས་ལུགས་ལ་བརྟེན་ནས་གྲོང་ཁྱེར་སྐྱོང་བ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社