分享按钮

རང་གྲོང་གིས།

སྤྱི་སྤྱོད་འགྲིམ་འགྲུལ་ཐཱན་ཉུང་ཅན་དུ་ཕྱོགས་སྒྱུར་བྱས་པ།

འདི་ལོའི་ཟླ་5ཚེས་13ཉིན་ནས་ཚེས་19ཉིན་བར་ནི་རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་ཐེངས་34པ་ཡིན་པ་དང་གཙོ་དོན་ནི་ལྗང་མདོག་ཕྱོགས་སྒྱུར་དང་ནུས་རྒྱུ་གྲོན་ཆུང་འགག་སྒྲོལ་བྱ་རྒྱུ་དེ་རེད། འགྲིམ་འགྲུལ་ནི་དཔལ་འབྱོར་གྱི་རྩ་ལམ་དང་ཤེས་དཔལ་གྱི་འབྲེལ་ཐག་ཡིན་ལ་འབྱུང་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོའང་ཡིན་པས།ཐཱན་གཉིས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་ཁྲོད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད།

ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འབྱུང་འཕྲོད་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྒྱུན་ཆད་མེད་པར་ཉུང་དུ་བཏང་བས།ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་བརྒྱ་ཆ་100ཁྱབ་པ་དང་ནུས་རྒྱུ་གསར་པའི་བོགས་གཏོང་རླངས་འཁོར་རིམ་པས་སྤྱོད་འགོ་ཚུགས་ཤིང་། ནུས་རྒྱུ་གསར་པའི་དྲ་འབོད་གླ་འཁོར་གྱིས་བརྒྱ་ཆ་59བཟུང་ཡོད།

ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྱོན་ཡོངས་ལ་ཁྱབ་པ།

ལོ་63ལ་སླེབས་པའི་མཚོ་མོ་ནི་ཉང་བྲན་ལམ་བསྡད་ཡོད་ཅིང་། རྗོང་རྒྱབ་ཀླུ་ཁང་དང་ཐག་ཉེ་ཙམ་ཡོད། ཉིན་ལྟར་ཞོགས་པར་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རྗོང་རྒྱབ་ཀླུ་ཁང་དུ་སྒོར་གཞས་འཁྲབ་པར་འགྲོ་བ་ནི་མཚོ་མོའི་རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བའི་ཆ་ཤས་ཤིག་ཡིན།

མཚོ་མོས་དགོད་བཞིན་དུ་སྒོར་གཞས་འཁྲབ་ན་ལུས་པོ་སྦྱོང་བརྡར་བྱེད་ཐུབ་ལ་སེམས་ཡང་སྐྱིད་པོ་ཡོང་ཐུབ། སྤྱི་སྤྱོད་རླངས་འཁོར་ལ་བསྡད་ན་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་ལ་སྟབས་ཀྱང་བདེ་པོ་འདུག ད་དུང་ཚ་བོ་དང་ཚ་མོས་ང་ནི་ཐཱན་ཉུང་འགྲོ་སྐྱོད་བྱེད་ཀྱི་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག་ཅེས་བཤད།

རྒྱལ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཡག་ཤོས་བཀྲ་ཤིས་ནོར་བུས་ལྷ་སར་སྤྱི་སྤྱོད་རླངས་འཁོར་བཏང་ནས་ལོ་13སོང་ཞིང་། ཁྲའེ་ཡིའུ་སྣུམ་དང་གློག་སྒུལ་གྱི་སྤྱི་སྤྱོད་རླངས་འཁོར་ཚང་མ་བཏང་མྱོང་ཡོད་པས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དཔང་པོ་བྱེད་ཐུབ།

བཀྲ་ཤིས་ནོར་བུས་མིག་སྔར་ལྷ་སའི་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན་པས་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པར་མ་ཟད། སྐྱིད་སྣང་དོད་པ་དང་མཛེས་པོ་ཡོད་ཅེས་བཤད། 2014ལོར་ལྷ་སས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་4སྤྱད་ནས་ཚོད་ལྟ་གཉེར་སྐྱོང་བྱས་ཡོད། ཚོད་ལྟ་གཉེར་སྐྱོང་བྱས་རྗེས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་མཉམ་འབྲེལ་རླངས་འཁོར་ཁེ་ལས་ཀྱིས་རླངས་འཁོར་ལ་སྒྱུར་བཀོད་རབ་དང་རིམ་པ་བྱས་པ་དང་འབྲེལ། 2015ལོར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་149དངོས་སུ་སྤྱོད་འགོ་ཚུགས་པ་དང་། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 རང་གྲོང་གིས། 6 6 拉萨日报藏文 c181213.html 1 སྤྱི་སྤྱོད་འགྲིམ་འགྲུལ་ཐཱན་ཉུང་ཅན་དུ་ཕྱོགས་སྒྱུར་བྱས་པ། /enpproperty-->