分享按钮

2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་པ།

ཤའོ་ཡིའུ་ཚའེ་དང་། ཀྲང་ཡན་ཆིང་། ཝུའེ་ཤིའུ་ཁྲང་། སྒྲོལ་དཀར།ལི་པའོ་ཁྲུན། ཞེ་རུན་ཧྲེང་། ཡོན་ཅ་ནུའོ་བཅས་ཚོགས་འདུར་ཞུགས་པ་དང་། ཝང་ཆང་གིས་གཙོ་སྐྱོང་གནང་བ།

ཟླ་5ཚེས་18ཉིན། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དབྱར་འགོའི་ལྷ་སར་གནམ་གཤིས་དྭངས་ཤིང་། རླུང་བུ་བསིལ་བསིལ་དུ་ལྡང་བ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་ལ་དགའ་བསུ་ཞུ་བཞིན་ཡོད། ཟླ་5ཚེས་18ཉིན། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་གསར་རྙིང་དང་། ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། ལས་རིགས་ཀྱི་གྲགས་ཅན་ཁེ་ལས་བཅས་གངས་ལྗོངས་གནའ་གྲོང་སྟེ་གནས་མཆོག་ལྷ་སར་འཛོམས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་ལྷ་སའི་འཕེལ་རྒྱས་ལ་ཐུན་མོང་ཐོག་འཆར་འགོད་བྱེད་བཞིན་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཡན་ཆིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར། འཛམ་གླིང་ཡུལ་སྐོར་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་དང་པེ་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ལི་པའོ་ཁྲུན། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་སྲིད་གཞུང་གཞུང་དོན་ཐིང་གི་ཀྲུའུ་རེན་ཞེ་རུན་ཧྲེང་། ཁྲེང་ཏུའུ་རུ་བཅའ་སྡོད་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔལ་འབྱོར་ཉོ་ཚོང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་ཡོན་ཅ་ནུའོ། ཞེ་ཁྲེང་ཚོགས་པའི་མཐོ་རིམ་གཙོ་འཛིན་གཞོན་པ་དང་ཡུལ་སྐོར་བྱ་གཞག་ཚོགས་པའི་ཏུང་ཧྲི་ཀྲང་ཅང་ཧའོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཡུལ་སྐོར་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མངགས་ཞིབ་འཇུག་པ་ཀའོ་ཧྲུན་ལི།(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 ཤའོ་ཡིའུ་ཚའེ་དང་། ཀྲང་ཡན་ཆིང་། ཝུའེ་ཤིའུ་ཁྲང་། སྒྲོལ་དཀར།ལི་པའོ་ཁྲུན། ཞེ་རུན་ཧྲེང་། ཡོན་ཅ་ནུའོ་བཅས་ཚོགས་འདུར་ཞུགས་པ་དང་། ཝང་ཆང་གིས་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c181215.html 1 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འཚོགས་པ། /enpproperty-->