ནམ་མཁའ་སྔོ་ཞིང་དྭངས་བ་དང་མེ་ཏོག་རྣམ་པར་བཀྲ་བའི་དུས་ཚིགས་འདིར།རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་གི་ལས་རིགས་མི་སྣ་གྲགས་ཅན་དང་། རིགས་གཅིག་མཁས་ཅན། ཚོང་དོན་ལས་རིགས་ཀྱི་ཕུལ་བྱུང་མི་སྣ་500ལྷག་ཙམ་གངས་ལྗོངས་གནའ་གྲོང་སྟེ།གནས་མཆོག་ལྷ་སར་འཛོམས་ཤིང་།ཟླ་5ཚེས་18ཉིན།2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་ལ་མཉམ་དུ་ཞུགས་ཏེ་ལྷ་སའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་གཞི་ཆེན་པོར་གླེང་མོལ་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་ཡོད།
རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་པ་དང་། ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་ཡིན། ཚེས་17ཉིན།རྒྱལ་ཡོངས་ཡུལ་སྐོར་གོང་འཕེལ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་བསྐྱར་དུ་མཛུབ་སྟོན་གལ་ཆེན་གནང་ཡོད་ཅིང་།དེང་རབས་ཡུལ་སྐོར་ལས་རིགས་མ་ལག་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་སྟོབས་ལྡན་རྒྱལ་ཁབ་ཅིག་གང་མགྱོགས་བསྐྲུན་ཏེ་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་སྒོ་ནས་ཡུན་རིང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིག་གནས་ཡུལ་སྐོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社