分享按钮

སྟག་རྩེ་ཆུས་ཀྱི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ།

ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ནི་རང་ལྗོངས་ཀྱི་གཙོ་གནད་ལས་གྲྭའི་གྲས་ཤིག་ཡིན་པ་དང་། དེས་ལོ་ལྔའི་ནང་རི་ཆུ་སྔོ་ལྗང་ཅན་དུ་གཏོང་བ་དང་། ལོ་བཅུའི་ནང་ལྷ་སར་སྔོ་ལྗང་གིས་ཁེངས་པའི་འདུན་པ་བཟང་པོའི་འགན་ཁུར་ཡོད། སྔོ་འགྱུར་ལས་དོན་པས་སྦྱགས་མ་འཁྱེར་ནས་རི་ངོས་སུ་ལྗོན་ཤིང་འདེབས་འཛུགས་བྱེད་བཞིན་ཡོད་པ་དང་། རྔུལ་ཆུར་བརྟེན་ནས་སྔོ་འགྱུར་གྱི་ལམ་བུ་ཞིག་བཏིང་ཡོད། 2024ལོར་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལས་སྟག་རྩེ་ཆུས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་། ཁྱོན་ལས་མི་མི་ཐེངས་ཁྲི་6ལྷག་ཙམ་སྔོ་འགྱུར་གྱི་ལས་ཀའི་ནང་ཞུགས་པ་དང་། ཞིང་འབྲོག་པའི་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་འཕར་རྒྱུར་སྐུལ་ཁྲིད་བྱས་ཏེ།ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་གྱུར་བ་དང་། འཚོ་བ་ལེགས་སུ་འགྲོ་རྒྱུར་དངོས་སུ་སྐུལ་ཁྲིད་ཐུབ་ཡོད།

ཉེ་ཆར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལས་སྟག་རྩེ་ཆུས་གསང་སྔགས་དགོན་ཁུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། སྔ་ནུབ་ཀྱི་དགོང་མོར། སྣུམ་གསོམ་ཤིང་སོན་ཁག་ཅིག་དབོར་ནས་སླེབས་པ་དང་། ཚང་མའི་ལས་འགན་ནི་མྱུར་དུ་ཤིང་སོན་རྣམས་རི་ངོས་སུ་འདེབས་འཛུགས་བྱ་རྒྱུ་དེ་རེད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181211.html 1 སྟག་རྩེ་ཆུས་ཀྱི་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ། /enpproperty-->