分享按钮

སྙེ་མོ་རྫོང་གིས་ཤེས་དཔལ་སྐར་གསོག་སྒོ་རྩིས་ ཚོང་ཁང་གི་སྒོ་བྱང་སྤྲད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྙེ་མོ་རྫོང་གི་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་ལས་འགུལ་གྱི་རིག་རྩལ་འཁྲབ་སྟོན་དང་སྐར་གསོག་སྒོ་རྩིས་ཚོང་ཁང་གི་སྒོ་བྱང་སྤྲོད་པའི་མཛད་སྒོ་དེ་མཁར་རུ་གྲོང་ཚོར་འཚོགས་པ་རེད།

མཛད་སྒོ་སྤེལ་ཡུལ་དུ་སྙེ་མོ་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ལྷུན་སྒང་གྲོང་ཚོ་དང་།གནས་ཡུལ་གྲོང་ཚོ། མཁར་རུ་གྲོང་ཚོ། ཆུ་གླིང་གྲོང་ཚོ་བཅས་གྲོང་ཚོ་བཞིར“ཤེས་དཔལ་སྐར་གསོག་སྒོ་རྩིས་ཚོང་ཁང”གི་སྒོ་བྱང་སྤྲད་པ་དེའི་ཐོག་ནས་སྐར་གསོག་ལམ་ལུགས་རྒྱུན་ལྡན་གྱི་ལམ་བུའི་ཐོག་བསྐྱོད་དེ་འདྲ་བཟོ་བྱེད་ཆོག་པ་དང་།འཕེལ་རྒྱས་གཏོང་ཆོག་པའི་འཐུས་སྒོ་ཚང་བའི་ལམ་སྲོལ་ཞིག་ཆགས་པས་རྫོང་ཡོངས་སུ་ཁྱབ་གདལ་གཏོང་བའི་རྨང་གཞི་ལྡན་ཡོད་པ་མཚོན་ཡོད། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། སྐར་གསོག་ལམ་ལུགས་ཁྱབ་གདལ་དུ་བཏང་བ་དེས་གྲོང་མི་མཉམ་སྡེབ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

མཁར་རུ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་ཟློས་གར《ཕ་ཡུལ་དྲན་པ》ཞེས་པ་དང་ཞབས་བྲོ《ལྷ་སའི་མཛེས་ལྗོངས》ཞེས་པ་འཁྲབ་སྟོན་བྱས་པ་དང་། རྐྱང་གཞས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་སོཊ་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད། བྱ་དགའ་ཡོད་པའི་དྲི་བར་ལན་འདེབས་པའི་ལྷུ་ཚིགས་སུ་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་ལག་པ་བརྐྱངས་ནས་ལན་འདེབས་པའི་གོ་སྐབས་བརྩོན་ལེན་ཧུར་ཐག་བྱས་པས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད།

ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུཊ་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་དར་སྲོལ་གསར་པ་འཛུཊ་པ། ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལེཊ་སུ་གཏོང་བ་བཅས་བྱ་ཆེད། 2023ལོའི་ཟླ་10པ་ནས་བཟུང་། སྙེ་མོ་རྫོང་ཨུད་དང་། རྫོང་སྲིད་གཞུང་གིས་གྲོས་འགོ་བཏོན་པ་དང་རྫོང་ཨུད་དྲིལ་བསྒྲཊ་པུས་ཚན་པ་ཁག་གི་སྣེ་ཁྲིད་དེ་རྫོང་ཡོངས་སུ་ཤེས་དཔལ་གྱི་སྲོལ་བཟང་གཏོད་ཅིང་།དུས་འགོར་སྙེ་མོ་རྫོང་གིས་མ་དངུལ་སྒོར་ཁྲི་800བཏང་ནས་སྲིད་འཛིན་གྲོང་ཚོ་བཞིར་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་ལས་འགུལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། མིག་སྔར། རྣམ་གྲངས་དེ་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181131.html 1 སྙེ་མོ་རྫོང་གིས་ཤེས་དཔལ་སྐར་གསོག་སྒོ་རྩིས་ ཚོང་ཁང་གི་སྒོ་བྱང་སྤྲད་པ། /enpproperty-->