ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། བདེ་སྐྱིད་སྡེ་ཁུལ་གྱིས“དུས་བཞིར་བརྩེ་བས་ཁེངས་པ་དང་ཟླ་རེར་བྱེད་སྒོ་ཡོད”ཅེས་པའི་མིག་མངས་འགྲན་བསྡུར་གྱི་བྱེད་སྒོ་དེ་བདེ་སྐྱིད་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་སུ་སྤེལ་འགོ་ཚུགས་ཤིང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་དང་དེའི་ནང་ཧུར་ཐག་ཞུགས་ཡོད་པ་རེད།
བྱེད་སྒོའི་ཁྲོད། འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་ཚོས་རང་རང་གི་ནུས་པར་བརྟེན་ནས་བློ་རིག་དང་སྤོབས་པ་ཆེན་པོའི་སྒོ་ནས་འགྲན་རྩོད་བྱས་ཤིང་། སྐབས་རེ་ཉེན་ཁའི་ཁྲོད་ནས་རྒྱལ་ཁ་ལེན་སྐབས་སེམས་སུ་དགའ་བ་སྐྱེ་ཞིང་གདོང་ལ་འཛུམ་མདངས་རྒྱས། འགྲན་བསྡུར་གྱི་རེས་སྐོར་རེ་རེ་དེ་ལྟར་ངོ་མཚར་ཆེ་ལ་ལྟད་མོའང་ཆེ། མིག་མངས་འགྲན་བསྡུར་གྱི་སྒྲོག་ཙེའི་མཐའ་བསྐོར་བའི་ལྟད་མོ་ལྟ་མཁན་གྱི་གྲོང་མི་མང་ཚོགས་ཀྱང་དགའ་སྤྲོ་རབ་ཏུ་འཁོལ་བ་དང་། ངོ་མཚར་ཆེ་བའི་འགྲན་བསྡུར་ཁྲོད་དགའ་འབོད་དང་སྐུལ་མ་གཏོང་བཞིན་ཡོད་པས་འགྲན་བསྡུར་བྱ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད་མཐར་སྤེལ་རེས་འགྲན་བསྡུར་ཁག་གི་ཁྲོད་དུ་ཕུལ་བྱུང་བདམས་ཐོན་པ་གཏན་འཁེལ་བྱས་པ་དང་། བྱ་དགའ་ཐོབ་པའི་བདམས་ཐོན་པར་སྒོར་500དང་། སྒོར་300 སྒོར་100བཅས་ཀྱི་ཤིང་འབྲས་ཉོ་བའི་དངུལ་ཚབ་འཛིན་ཤོག་དང་དྲན་གསོའི་བྱ་དགའི་བུམ་པ་སྤྲད་པ་དང་། ཨང་རིམ་གྱི་བྱ་དགའ་མ་ཐོབ་པའི་གྲོང་མིར་ཡང་དེའི་ནང་ཞུགས་པའི་དྲན་རྟེན་དངོས་པོ་སྤྲད་པ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས། གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་ཉེ་བའི་ལོ་ཤས་རིང་།
སྡེ་ཁུལ་དུ་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྔར་བས་མང་དུ་འགྲོ་བ་དང་ཕུན་སུམ་ཚོགས་པར་ཕྱིན་པས་ཚང་མའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། ཁོང་ཚོས་དགའ་ཕྱོགས་གཅིག་མཚུངས་ཀྱི་གྲོགས་པོ་རྙེད་ནས་ཁྱིམ་མཚེས་དབར་འབྲེལ་གཏུག་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ནས་འཚོ་བར་སྤྲོ་སྣང་མི་ཉུང་བ་ཞིག་བསྣན་ཡོད་ཅེས་བཤད་པ་རེད།
ད་ལོ་ལོ་69ལ་སླེབས་པའི་རྒན་རྒོན་ཚེ་རིང་དོན་གྲུབ་ཀྱིས་སྡེ་ཁུལ་གྱིས་མིག་མངས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་ཤེས་རྗེས། ངས་ཧུར་ཐག་གིས་དེའི་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་ཡིན། འགྲན་བསྡུར་ནང་དགའ་ཕྱོགས་གཅིག་མཚུངས་ཀྱི་གྲོགས་པོ་བཟང་པོ་མང་པོ་ཞིག་ངོ་ཤེས་པ་དང་འགྲན་བསྡུར་རེ་རེ་བརྒྱུད་བརྩེ་བ་དེ་བས་ཟབ་ཏུ་ཕྱིན་སོང་། སྡེ་ཁུལ་གྱི་ལས་དོན་མི་སྣའི་ཞབས་ཞུ་དང་རྣམ་འགྱུར་ཧ་ཅང་ཡག་པོ་འདུག་པས་ང་ཚོར་སྡེ་ཁུལ་གྱི་དོ་ཁུར་དང་ཐུགས་ཁུར་དངོས་སུ་ཚོར་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། བདེ་སྐྱིད་སྡེ་ཁུལ་གྱིས་གྲགས་རྟགས་བཅོས་སྐྱོང་དང་འགྱུར་ལྡོག་གི་ཕན་ནུས་ཆེ་རུ་བཏང་བ་དང་།སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ས་ཚིགས་དང་མཉམ་འབྲེལ་གྱིས“དུས་བཞིར་བརྩེ་བས་ཁེངས་པ་དང་ཟླ་རེར་བྱེད་སྒོ་ཡོད”ཅེས་པའི་མིག་མངས་འགྲན་བསྡུར་གྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས་སྤེལ་བ་དང་། ཟླ་རེར་དུས་བཀག་ལྟར་བདེ་ཐང་ངང་འགྲོ་སྐྱོད་དང་། མིག་མངས་འགྲན་བསྡུར། ཕ་མ་བུ་ཕྲུག་གི་བྱེད་སྒོ། ལག་ཤེས་ཉམས་ལེན་སོགས་རིག་རྩལ་འཁྲབ་སྟོན་དང་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཡུལ་མི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ།བདེ་སྐྱིད་སྡེ་ཁུལ་གྱི་ཡུལ་མིར་ཆེད་དུ་གཏོགས་པའི་རིག་གནས་འཚོ་བའི་སྤུས་རྟགས་བཏོད་ཡོད་པ་རེད།
བདེ་སྐྱིད་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པ་ཚེ་རིང་གིས་སླད་ཕྱིན་ང་ཚོས་སྤྲོ་སྣང་ལྡན་པའི་རིག་གནས་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མིར་སྤྲོ་གསེང་རོལ་རྩེད་ཀྱི་སྟེགས་བུ་ཡག་པོ་ཞིག་བསྐྲུན་ཏེ། གྲོང་མིའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་སྦྲགས། གྲོང་མི་དེ་བས་མང་བ་སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཁག་ནང་ཞུགས་རྒྱུར་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་ཏེ། ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཐུན་མོང་ཐོག་ཁྱིམ་མཚེས་འཆམ་མཐུན་དང་འཚོ་བ་མཛེས་སྡུག་ལྡན་པའི་བདེ་སྐྱིད་སྡེ་ཁུལ་གཏོད་རྒྱུ་ཡིན་ཞེས་བཤད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社