分享按钮

བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་གི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། མངའ་རིས་ས་ཁུལ་སྲིད་འཛིན་ཧྲུའུ། རང་སྐྱོང་ལྗོངས་མ་འཇོག་སྐུལ་འདེད་ཅུས། ཞི་ཨན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱིས་གཉེར་འགན་འཁུར་བའི་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་གི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཤིས་ཨན་ཏ་ཐང་མཚན་གྲོང་དུ་འཚོགས་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་ཤིས་ཨན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་སྟངས་ལ་སློབ་སྦྱོང་བྱས་ཏེ་ཏ་ཐང་མཚན་གྲོང་ལ་བརྟེན་ནས་ལས་རིགས་ཁག་གི་ཁེ་ལས་མཁས་ཅན་དང་རྒྱ་ཆེའི་ཡུལ་སྐོར་བ་ལྷ་སར་ལྟ་སྐོར་རྟོག་ཞིབ་དང་མ་འཇོག་ལས་གཉེར་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་ཡིན་པ་རེད།

བྱེད་སྒོ་དེ་ཞབས་བྲོ《བཀྲ་ཤིས་ཞོལ་པ》ཞེས་པའི་ཁྲོད་དུ་འགོ་ཚུགས་པ་དང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འགན་འཁུར་བས་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་། ཐོན་ཁུངས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་ལེགས་ཆ། མ་འཇོག་ཁོར་ཡུག་སོགས་ལ་དམིགས་ནས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོཊ་འདུར་ཞུགས་མཁན་གྱི་སྐུ་མགྲོན་དང་། གྲོང་མི། ཡུལ་སྐོར་བ་བཅས་ལ་ལྷ་ས་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བྱས་ཡོད། བྱེད་སྒོའི་མཇུག་ཏུ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམས་འཚོང་བྱེད་སྒོ་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་ས་མཐོའི་གཅེས་ནོར་དང་ལྷ་སའི་མཚུར་ཕུའི་རིག་གནས་སོགས་ཁེ་ལས་20ཡིས་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་རིཊ་61ཏ་ཐང་མཚན་གྲོང་དུ་འགྲེམས་སྟོན་བྱས་པ་དང་། ཐོན་རྫས་ནང་ནས་ཀྱི་ཐོན་རྫས་དང་། ཤ་ཟོས་ཐོན་རྫས། བཏུང་བྱ། རིག་གནས་གསར་གཏོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སོགས་ཚུད་ཡོད་པར་མ་ཟད། ལྷ་སའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཀྱིས་ཕྱི་ཕྱོགས་སུ་དྲིལ་བསྒྲཊ་དང་འགྲེམས་འཚོང་བྱས་ནས་ལྷ་སའི་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་ཡོད། བྱེད་སྒོའི་ཉིན་དེར་ཁྱོན་འཛད་སྤྱོད་པ་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ས་གནས་ས་ཐོག་ཏུ་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་12ལྷག་ཙམ་ཟིན་ནས་མངགས་ཐོ་སྒོར་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།

ཕྱིས་འབྱུང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ཕྱིར་སྐྱོད་པ་དང་ནང་དུ་འདྲེན་ཤུགས”མུ་མཐུད་ཆེ་རུ་བཏང་ནས་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ།རིག་གནས་ཡུལ་སྐོར་དང་འབྱུང་ཁམས་སོགས་གཙོ་ཁྲིད་ཐོན་ལས་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ་དང་།“བོད་ལྗོངས་སུ་མ་འཇོག་བྱེད་སྐབས་ཐོག་མར་ལྷ་ས་གདམ་ག”བྱེད་པའི་སྤུས་རྟགས་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181132.html 1 བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་གི་བྱེད་སྒོ་སྤེལ་བ། /enpproperty-->