分享按钮

ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ལས་རིགས་ཏང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལས་རིགས་ཏང་ཨུད་ཁོངས་གཏོགས་ཀྱི་ཁེ་ལས་43གྱི་ཏང་ཀྲི་པུའུ་ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་སེམས་ལ་འཇགས་ཆེད། ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ལས་རིགས་ཏང་ཨུད་ཀྱིས་ཟླ་5ཚེས་16ཉིན་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་ལས་རིགས་ཏང་ཨུད་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཏང་དོན་ལས་དོན་པ་43ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལས་རིགས་ཏང་ཨུད་ཁོངས་གཏོགས་ཀྱི་ཁེ་ལས་ཀྲི་པུའུ་43གྱི་དུས་མཚམས་རྗེས་མའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་ནས་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་སྤེལ་བཏང་བ་རེད། བོད་ལྗོངས་ཀྲུང་ཡོན་ཨར་ལས་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་དང་། བོད་ལྗོངས་ཧེང་ཡོན་མི་ཤུགས་ཐོན་ཁུངས་བློ་འདྲི་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ། ལྷ་ས་ཁྲེང་ཀོན་ཆུས་དབྱི་ཤིན་བེད་མེད་རྙིང་པ་ཚུར་བསྡུ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ་བཅས་ཚན་པ་གསུམ་སྒྲིག་འཛུགས་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་བྱས་པའི་མྱོང་ཚོར་ལ་དམིགས་ནས་གཏམ་བཤད་སྤེལ་རེས་བྱས་པ་དང་འབྲེལ་ཁེ་ལས་ཀྲི་པུའུ་ལ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གི་དཔེ་དེབ་43སྤྲད་པ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181125.html 1 ལྷ་ས་གྲོང་ཁྱེར་གྱི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ལས་རིགས་ཏང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ། /enpproperty-->