(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གིས། ལོ་མང་རིང་གསོ་སྐྱོང་དང་འཕེལ་རྒྱས་བཏང་བ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་དངོས་མང་སྟོན་ཚོགས་དེ་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གིས་སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་གོ་སྐབས་གང་ལེགས་སྤྱད་དེ་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་རང་ནུས་སྐྱེས་སུ་འབུལ་བ་དང་། རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
ཀྲུང་ཨུའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་བརྗོད་དོན་གཙོ་བོ་ནི། མཉམ་ལས་དང་། ཡིད་རྟོན། གོ་སྐབས་ཞེས་པ་ཡིན་པ་དང་། ཚོང་དོན་པུའུ་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ། ཨུ་རུ་སུའི་བཟོ་ལས་དང་ཉོ་འཚོང་པུའུ་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་དང་། དེ་ཉིན་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་འགོ་ཚུགས་ཡོད།(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社