(པར་ངོས་དང་པོར་མཐུད)གྲོང་ཁྱེར་གྱི་ཁོར་ཡུག་རྣམ་པ་ལེགས་སུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས། རིག་གནས་སྔོག་འདོན་སོགས་ཕྱོགས་མང་པོའི་ནང་དོན་ཚུད་པའི་ཕྱོགས་བསྡུས་བྱ་སྤྱོད་དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད་ཡིན་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་སྤེལ་བ་ནས་བཟུང་རིམ་པ་ཁག་དང་། སྡེ་ཚན་ཁག སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་བརྒྱུད་ཕན་འབྲས་དངོས་ཐོབ་ཡོད། སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་མུ་མཐུད་ཟབ་སྤེལ་བྱས་ནས་བཅོས་སྒྲིག་བྱ་སྤྱོད་རྒྱུན་ལྡན་དང་ཕུགས་ཕན་ཡོང་བའི་འགན་ལེན་བྱས་ཏེ་ཤུགས་སྣོན་སྔར་ལས་ཆེ་བའི་ཐོག་ནས་བཙོག་པ་དང་། ཟང་ཟིང་། ཞན་པ་བཅས་ཀྱི་སྣང་ཚུལ་གཙང་སེལ་བྱ་རྒྱུ་དང་གྲོང་ཁྱེར་དེ་བས་མཛེས་སྡུག་དང་། སྔར་བས་སྔོ་ལྗང་ལྡན་པ། སྔར་བས་འཚོ་སྡོད་བྱེད་བདེ་བ་བཅས་བྱས་ནས་ལྷ་ས་དེ་སྤུས་ཚད་ལྡན་པའི་གྲོང་ཁྱེར་དང་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་དུ་བསྐྲུན་ཏེ་རྒྱ་ཆེའི་མང་ཚོགས་ལ་གཙང་ཞིང་མཛེས་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་རེད་ཅེས་གསུངས་པ་རེད།
འགན་གཙང་བླངས་པའི་རྣམ་གྲངས་ཀྱི“གྲོང་ཁྱེར་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི”འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་སྐབས། ཀྲའོ་ཧུའེ་ཉན་གྱིས་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དངོས་གཉེར་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་གྱི་དཀའ་གནད་དང་འགོག་རྐྱེན་དུས་ཐོག་ཏུ་སེལ་དགོས་པ་དང་། ས་འོག་དང་ས་ངོས་དང་། འགྲོ་ལམ་དང་མཐའ་འཁོར་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་ལ་སྤྱི་འདོམས་བྱས་ཏེ་རྣམ་གྲངས་སྔ་ཙམ་འགོ་འཛུགས་རྒྱུ་དང་། སྔ་ཙམ་འཛུགས་སྐྲུན་བྱེད་པ། ཕན་འབྲས་སྔ་ཙམ་ཐོན་ཐུབ་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱས་ཏེ་དམངས་འཚོའི་རྣམ་གྲངས་དངོས་སུ་ལག་བསྟར་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་ཚད་དང་ལས་འགན་ལ་དོ་སྣང་ནན་པོ་བྱས་ཏེ་ལས་ཡུན་ལྡོག་སྒྲིག་དང་། འཆར་འགོད་བྱས་ནས་ལས་དོན་སྤེལ་བ། གོ་སྐབས་དམ་འཛིན་བྱེད་པ། སྤུས་ཚད་དང་གྲངས་འབོར་ལ་འགན་ལེན་བཅས་བྱས་ནས་རྣམ་གྲངས་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གི་དགོས་མཁོ་དང་དངོས་འབྲེལ་མཐུན་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། (པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社