(པར་ངོས་དང་པོར་མཐུད)མཁོ་སྤྲོད་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱིས་ཡུལ་སྐོར་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་ཡོད།
རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་རེད།
རིག་གནས་དང་ཡུལ་སྐོར་པུའུ་དང་། ཕྱི་འབྲེལ་པུའུ། རང་བྱུང་ཐོན་ཁུངས་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཧེ་ལུང་ཅང་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧུའུ་ནན་ཞིང་ཆེན། ཀུའེ་ཀྲོའུ་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་རེས་གནང་བ་རེད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། གཞུང་ཁོངས་རྐང་འཛིན་ཁེ་ལས་གལ་ཆེན་ཁག་གཅིག རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་མཐུན་ཚོགས་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社