ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་17ཉིན་གྱི་དགོང་མོ། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་རྩལ་འཁྲབ་སྟོན་དེ་གྱིམ་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་ཤིང་། དེ་ལས་2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་འགོ་ཚུགས་པ་མཚོན་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་དང་། ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་དོན་ཐིང་གི་ཀྲུའུ་རེན་ཞེ་རུན་ཧྲང་། གཡག་རྔ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞ་ཧྥེང་ཅན། ཁྲུང་ཆིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་མའོ། གསར་སྤེལ་གཉེར་སྐྱོང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་ཀྲུང་ལན་ཨའོ་པོ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཞའོ་ཧྥེང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། ཧོ་ཕུང་། ཧོང་རུང་ཅན། དགྲ་འདུལ། ཀྲང་ཏིང་ཁྲེང་། ཝང་ཧུའེ། ཀྲང་ཁྲུན་དབྱང་། དེ་བཞིན་པེ་ཅང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱི་ལས་བྱེད་པའི་འཐུས་མི་ཚོགས་པ་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཆེད་ལས་མཁས་པའི་འཐུས་མི་ཚོགས་པ། བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་འཐུས་མི་ཚོགས་པ་17 ཡུལ་སྐོར་ཚོང་པའི་འཐུས་མི་ཚོགས་པ། ཡུལ་སྐོར་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社